| | e-texts navigator
|
152b1 འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྐྱེ་བཞི་པའོ།། །། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འགྲོ་བ་ཐམས་ཅད་ཀྱི་རང་བཞན
152b2 གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། རིགས་རྒྱུད་དྲུག་ཏུ་ཡང་བཤད།། དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཐམས་ཅད་ཀུན་ལ་ཡང་ཡོད་དོ།། ནམ་མཁས་ཀྱང་ཀུན་ལ་ཁྱབ་པར་གནས་སོ།། དེ་ལྟར་ཆོས་ཀྱི་དབྱིངས་དང་། ནམ་མ་པས་ཀུན་ལ་ཁྱབ་ཀྱང་རྣམ་པར་ཐར་པའི་དེ
152b3 ས་ན་མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ་གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ་ཞེས་གསུངས་ནས་ཡང་འདི་སྐད་རྡོ་རྗེ་འཆང་གིས་གསུངས་སོ།། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་།། རྒྱ་མཚོ་ཆེན་པོང་ཆུ་ཀླུང་འབབ་པ་ལྟར།། བླ་མེད་དོན་རྟོགས
152b4 ཟབས་ཆེན་འདི་དག་ཏུ།། རྣམ་པའི་ཐེག་པ་བསམ་ཡས་མ་ལུས་འདུས།། ཨ་ཧོ།། བདག་མེད་གཉིས་རྟོགས་ཕ་རོལ་བྱིན་རྫོགས་པ།། ས་བཅུ་རིམ་གྱིས་བསྒོམས་པའི་རྣལ་འབྱོར་པ།། སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ།། བདེན་པ་གཉིས་ཀྱིས་རབ་ཏུ
152b5 ཐོབ་པར་འགྱུར།། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་པའི།། དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག། དགེ་བ་ཤེས་མི་སློབ་རང་གི་རིག་པས་རྟོགས།། བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག། བདེན་བཞི་དོན་རྟོགས་རབ་ཏུ་སྤོང་བ་ཡི།།
152b6 ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་པའི།། རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི།། ཉོན་མོངས་དགྲ་རྣམས་རབ་ཏུ་ཞི་བའི་ས་རུ་འགྲོ།། ཐེག་པ་གང་དུ་བསྟན་པ་མ་ངེས་པའི།། ཡང་ན་ཀུན་ལ་མཐུན་ནས་འབྱམ་པར་འཇུག། ཡང་ན་ངེས་མེད་འདི་ཞེས་བརྟག་ཏུ
152b7 མེད།། འདི་ནི་མངས་རྡོ་རྗེ་འཆང་གིས་གསུངས།། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ།། འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ།། ཚད་མེད་བཞི་སྤྱོད་མི་ག་ཡོ་སྒོམ་བྱེད་པ།། ཚངས་གནས་ལྷ་སོགས་སྐྱེ་བའི་གླུ་ཡིན་ནོ།། ཆོས་ཀྱི་དབྱིངས་ཀྱིས་ཀུན་པ་ཁྱབ་གྱུར
iiif viewer powered by OpenSeadragon
152a - 153a