| | e-texts navigator
|
151a1 གནས་དང་སྡུག་བསྔལ་ལ་སོགས་པ།། བདག་དང་བདག་གིས་སོ་སོར་འཛིན།། སུས་ཀྱང་མི་འཆིང་བཅིངས་མེད་དེ།། བཅིང་བར་བྱ་བ་ཡོད་མ་ཡིན།། རྣམ་རྟོག་བདག་ཏུ་འཛིན་པ་ཡིན།། ནན་གྱིས་མཁའ་ལ་མདུང་པ་འདར།། བཅིངས
151a2 མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས།། བསྟན་ཕྱིར་སྤོ་བ་སྣ་ཚོགས་མཛད།། རྗེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས
151a3 སུ་བསྐྱེད་པའི་ལེའུ་སྐྱེ་གསུམ་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོ་བྱིན་གྱིས་པརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ།། བཏོན་ནས་ཀྱང་ལས
151a4 ཀྱི་དབང་གིས་སྦྲེལ་ཞི་དང་། ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བརྒྱ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་དེ་རེས་འདུལ་བ་རྣམ་བཞིས་འགྲོ་བ་ལྔའི་དོན་མཛད་དེ་ལྟམས་པ་དང་། རབ་ཏུ་འབྱུང་བ་དང་། དཀའ
151a5 ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་སྟོན་པའི་ཐུབ་པ་དུས་བཞི་ཀུན་དུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་ཀུན་དུ་མཁྱེན
151a6 དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཀུན་དུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་དུ་གསན་པ་དང་། རྫུ་འཕྲུལ་གྱི་ཚོ་གས་ཀུན་དུ་དོན་སྤྱོད་པ་དང་། ཟག་པ་མེད་པས་ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་དྲུག་དང་།། ཀུན་དུ་སྲ་པ
151a7 མི་ཁྱབ་པ་དང་། ཀུན་དུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཞལ་བསམ་གྱིས་མི་ཁྱབ་པ་དང་།། ཀུན་དུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་། བསམ་གྱིས་མི་ཁྱབ་པ་གྲངས་མེད་པར་ཡང་ཕྱོགས་བཟུང་སྣང་བར་གྱུར་ཏོ།། དེ་ལྟར
iiif viewer powered by OpenSeadragon
150b - 151b