e-texts navigator
Collection
Volume
Page
Wylie

150b1 ས་བཛྲང་པས་ཐམས་ཅད་ལནས་སངས་རྒྱས་པ་ང་བཞིན་གཤེགས་པ་ཉིད་ཀྱིས་མཐོད་ཏོ།། གསང་བའི། པོ་ལན་ན་ད་ངས་བ་ལས་ཀྱང་བསྲུང་བའི་ལའ་ག་ཉིས་པའོ།། དེནས་གཉིས་ས་བྱུང་པའི་བདག་ཉིད་ཅན་ཐོས་པ་ཤེས་སངས་རྒྱས་ད
150b2 སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགག
150b3 པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ན་འགག་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། གནས་པ་མེད་ལས་ཐམས་ཅད་གནས།། གནས་པ་ཉིད་ན་གནས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆེས།། རྫོགས་པའི
150b4 སངས་རྒྱས་ཀུན་གྱི་གསང་།། དམིགས་པ་མེད་ལས་ཐམས་ཅད་དམིགས།། དམིགས་པ་ཉིད་ན་དམིགས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགྲོ་འོང་མེད་ལས་འགྲོ་དང་འོང་།། འགྲོ་འོང་ཉིད་ན་འགྲོ་འོང་མེད།། ཅེས
150b5 བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོའི་ཚོགས་ཐམས་ཅད་མཉེས་པས་ཁྱབ་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཡེ་ནས་གསང་བའི་ཆོས།། སྣ་ཚོགས
150b6 སྣང་ལ་རང་བཞིན་གསང་།། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་།། གཞན་དུ་མིན་ཡང་ཤིན་ཏུ་གསང་།། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན། འགྲོ་བའི་རྣམ་པར་རྟོག་པ་མ་རིག
150b7 པ་ལ་འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཚད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་བདེ་གཤེགས་སྙིང་པོ་ལས།། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ།། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་།




iiif viewer powered by OpenSeadragon

150a - 151a

Texts on this page

Gdg011.5 - gsang ba'i snying po de kho na nyid nges pa