e-texts navigator
Collection
Volume
Page
Wylie

150a1 གཉིས་སུ་མེད་པའི་ལོངས་སྤྱོད་བདེ་བ་ལ་མཉམ་པར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད་དོ།། སེམས་ཀྱི་སེམས་ཉིད་བྱེད་པ་དེ་གཅ།། ཀུན་དུ་བཟང་པོ་རྡོ་རྗེ་ཡིད།། ཡེ་ཤེས་དྲུག་གི་རང་བཞིན་ཏེ།། ཤར་ཕྱོགས་མངོན་དགའ་བསམ་ཡས་ན།། ནཱ་ལ
150a2 བུའི་གཏེར་འབྱིན་པ།། གསང་འདུས་འཕྲུལ་གྱི་ལྟེག་མིག་གིས།། རྣམ་པར་ཐར་པའི་སྒོ་ལྕེ་ནས།། བྱང་ཆུབ་མཆོག་གིས་ནང་གཏན་དཀྲོལ།། མཉམ་སྤོང་པདྨའི་གདན་ལ་བཞུགས།། འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ནས།། འགྲོ་ལྔ་སྐྱེ་བཞི་དབང་དུ་འི་སུས།
150a3 སྐུ་གསུང་ཐུགས་གནས་དབང་བསྐུར་ཏོ།། ཞེས་བརྗོད་པས་ཐམས་ཅད་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་ཉིད་དུ་གསལ་བར་གྱུར་ཏོ།། ཞུགས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ
150a4 ཏིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའི་རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།། ས་ཆུ་སྨན་དང་མཱ་མ་ཀཱི།། མེ་རུང
150a5 གོས་དཀར་སྒྲོལ་མ་སྟེ།། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་ཡིནས་སངས་རྒྱས་ཤིང་།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སངས་རྒྱས་ཉིད་ལས་གཞན་པ་མིན།། སངས་རྒྱས་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མི་རྙེད་དོ།།
150a6 ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ།། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མདོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ཤེས
150a7 དབེན།། སྲིད་པ་གསུམ་ཉིད་དག་པའི་ཞིང་།། སྙིགས་མ་ལྔ་ཉིད་བདེ་ལྡན་ནས།། པོ་ལྔ་ཉིད་མངོན་སངས་ཀྱིས།། ཐམས་ཅད་མཆོག་གི་སྙིང་པོ་བས།། གཞན་དུ་རྒྱལ་བས་ཆོས་མ་འཆལ།། ཉིད་ལས་གཞན་ཞེས་བྱ་བའི་ཆོ། ལ་ཀྱ




iiif viewer powered by OpenSeadragon

149b - 150b

Texts on this page

Gdg011.5 - gsang ba'i snying po de kho na nyid nges pa