e-texts navigator
Collection
Volume
Page
Wylie

148b1 བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
148b2 ཅོམ་ལྡན་འདས་ལོངས་སྤྱོད་མན་པོ་ཐུགས་བརྡུ་ངས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོརྗེའི་བདག་ས་སུས་མི་ལུས་བྱས་པ་མེད་པ་ཐམས་ཅད་དང་ས་སམ་ཡིན་ཐམ་དང་དབང་མེད་པའི་རང་བདེན་ཏེ།། ངག་མིན་གྱི་གནས་མཟང་ད
148b3 བྱེ་འ་པ་གི་ཅི་གྲུས་ན་ས་ས་ཀྱང་ས་བ་ག་ང་དུ་བ་ས་དང་ཡི་ན་འ་ས་ང་དྲང་བ་བྱུ་ང། ག
148b4 ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་དུ་འཁྱིལ་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེ་དབྱིབས་དང་ཁ་དོག
148b5 ལ་སོགས་ཏེ།། རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པའི་ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས
148b6 དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པ་རང་བྱུང་ལ། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱི་ས་མི་ཁྱབ་པས་བཀླུབས་པ། ཟླུམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པའི་ཕྱི་དང་ནང
148b7 མེད་པར་ཀུན་དུ་ཡིང་ནང་དུ་གྱུར་པན་མི་འཇིགས་པ་སིང་གེའི་ཁྲི་དང་། སྟོབས་ཀྱི་གླང་པོ་ཁྲི་དང་། རྫུ་འཕྲུལ་གྱི་རྟའི་ཁྲི་དང་། དབང་གི་མ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་གླིང་གི་ཁྲི་དང་། རང་བཞིན་གྱིས་འད་གསལ་བ་ཏི་ཟླ་དཀྲིཔ་འཁོང་དང་།




iiif viewer powered by OpenSeadragon

148a - 149a

Texts on this page

Gdg011.5 - gsang ba'i snying po de kho na nyid nges pa