e-texts navigator
Collection
Volume
Page
Wylie

148a1 སུམ་ཚོགས་པ་ཀུན་གཏོང་ཞིང་།། དམ་པའི་ཡོ་བྱད་ལྡན་གྱུར་པས།། ལུས་དང་སྲོག་ལའང་མི་ལྟ་ན།། དམན་པའི་ལོངས་སྤྱོད་ནམས་ཀྱང་མིན།། ཐེག་པ་ཆེ་ལ་མོས་པ་དང་།། བརྟུལ་ཞུགས་སྙིང་བརྩེར་གུས་པར་ལྡན།། རྡོ་རྗེ་སློབ་དཔོན་བ
148a2 བཀུར་ཞིང་།། སྐྱོན་དང་སྨྱོ་བ་ཡོངས་སུ་བཟོད།། བསྐལ་པར་འགྲོགས་ཀྱང་ཡིད་མི་འཁྲུག། ཉེས་དང་ལེགས་པ་ཅི་ལ་ཡང་།། ངོ་མཚར་སྐྱོ་བའི་འདུ་ཤེས་མེད།། རང་བཞིན་བཟང་དང་ཚུལ་ཤེས་དང་།། འགྲོགས་པས་དྲུག་ནང་མ་ལྡང་བའི།། དམ་པ་འདི་ལ་གས
148a3 བ་གཏད།། སློབ་དཔོན་མན་ངགྲ་མི་ལྡན་ཅིང་།། གསང་བའི་དོན་ལ་མ་གོམས་པས།། རང་རྟགས་ལོག་པའི་ཚད་མ་ཡིས།། གསང་བའི་སྦས་དོན་གཏན་ལ་འབེབས།། བླུན་པོ་མུན་པས་ཆོད་པ་རྣམས།། ལོག་པར་ཞེན་པའི་རྗེས་འབྲངས་ནས།། མཐོང་བའི་ཆོ
148a4 ལ་དམྱལ་བར་སྨིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕྱག་རྒྱ་གསང་ཆེན་སྙིང་པོ་འདི།། མ་ལུས་ཀུན་གྱི་གསང་ཡིན་པས།། རྟོགས་ནས་གསལ་བར་གང་བྱེད་པ།། དབང་དང་དཀྱིལ་འཁོར་རྫོགས་པ་སྟེ།། བདག་དང་གཞན་དོན་ལྷུན་གྱིས་གྲུབ།། རྡུལ་སྐྱེད
148a5 ཞིང་ལ་བསྙེན་བཀུར་ཞིང་།། ཚོགས་ཀྱི་བླ་མ་བསྟེན་བྱས་པའི།། འབྲས་བུ་གསང་ཆེན་འདི་ཡིན་ཏེ།། དེ་བས་རྒྱལ་སྲས་གཅིག་གི་ཡུལ།། རྙེད་དང་བཀུར་སྟིས་འཚོ་བ་ཡི།། གྲགས་པའི་སྟོབས་ལྡན་རྣམ་པར་སྤངས།། ཨ་ཧཾ་རྡོ་རྗེ་གསང་བའི་ཚིག་ཏུའོ།། རྡོ་རྗེ་སེམས་དཔའི་སྐུ
148a6 འཕྲུལ་དྲ་བ་གསོང་བ་མེ་ལོང་གི་རྒྱུད་ལས་མཐར་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བརྡོ་རྗེ་སེམས་དཔའ་གསང་ངམ་ལོང་གི་རྒྱུད་ཆེན་པོ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་བི་མ་ལ
148a7 མིདྲྀ་དང་། བཛྲེ་ཛྙཱ་ན་ཀུ་མྱངས་བསྐྱད་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། སླད་ནས་བི་མ་ལ་མི་ཏྲ་ཉིད་ལ་ཟོམ་དགེ་སློང་མས་ཡང་དང་ཡང་དུ་ཞུས་པ་འདི་གཞན་ལ་སྤེལ་ན་དམ་ཚིག་ཉམས་སོ།།




iiif viewer powered by OpenSeadragon

147b - 148b

Texts on this page

Gdg011.4 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud