e-texts navigator
Collection
Volume
Page
Wylie

147b1 རྒྱུན་གྱི་འཁོར་ལོ་དཔག་མེད་རྒྱས་པར་སྣང་།། འགྲོ་བ་རྣམས་ནི་ཡིད་འཕྲོག་བལྟས་པས་ཆོག་ཤེས་མེད་པར་མཛེས།། རྒྱལ་བ་མ་ལུས་ཡོན་ཏན་རྫོགས་པར་སྣང་ལ་དེ་དག་མཐའ་ཐུག་མེད་ཏོ།། སྒྱུ་འཕྲུལ་དྲ་བའི་གསུང་ནི་ཟབ་ཅིང་རྒྱ་ཆེར་ནམ་མཁའ་འདྲ།། མ་ལུས་གོ།
147b2 ཞིང་ཚིམ་མཛད་རྡོ་རྗེའི་སྒྲ་འབྱིན་སྤྱན་སྒྲོགས་པ།། རྡོ་རྗེ་སྐུ་ཆེན་མཐའ་ཡས་མོས་དང་འཐད་པ་དེ་བཞིན་རྣམ་པར་སྣང་།། སྒྱུ་འཕྲུལ་དྲ་བའི་ཕྲིན་ལས་སྣ་ཚོགས་བྱ་བ་ལྷུན་གྱིས་གྲུབ།། བསྐལ་བཞིང་གི་རྡུལ་སྙེད་འགྲོ་བ་མ་ལུས་ཀུན་འདུལ་བ།། ཐབས་དང་ཤེས་རབ་འདུ་འབྲལ
147b3 མེད་པའི་རྫུ་འཕྲུལ་སྣ་ཚོགས་འདི་ནི་རྣམ་པར་རོལ་ཏོ།། དེ་ནས་རྒྱལ་མཆོག་སྐྱེས་བུ་ཡིས།། རྡོ་རྗེ་འཛིན་པ་ལ་སོགས་པ།། བྱེ་བ་རྡུལ་སྙེད་བཅས་པ་ལ།། གསང་བ་འདི་ནི་གཏད་པར་མཛད།། ང་ཡི་གསང་བའི་སྙིང་པོ་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ
147b4 ཀུན་གྱི་རང་བཞིན་ཏེ།། མ་ལུས་ཀུན་གྱི་ཐབས་སུ་སྣང་།། གསང་སྔགས་རྡོ་རྗེ་ཐེག་པ་སྟེ།། དཔལ་ལྡན་སྒྱུ་འཕྲུལ་ཐུགས་ཀྱི་རྒྱུད།། ཆོས་རྣམས་མ་ལུས་ཀུན་སྡང་བ།། གསང་བའི་མེ་ལོང་ཐབས་ཀྱི་རྒྱུད།། རྒྱལ་བ་རྡུལ་སྙེད་ཀུན་འདུས་ནས།། དམ་པ་འདི་ལ་བསྔགས་པར
147b5 མཛད།། སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ།། ཟབ་མོའི་ལུང་གི་ངེས་དོན་འདི།། རིགས་ཚད་དམན་པའི་གང་ཟག་གིས།། ཐམས་ཅད་ལ་ནི་མེ་ལོང་ལྟར།། བལྟས་ཀྱང་གཟུགས་བརྙན་མི་སྣང་བས།། སྟོན་པ་གཉིས་ལ་རྒྱབ་ཕྱོགས་ཤིང་།། བརྟགས་པའི་ཕྱི་རོལ་ཆོས་ལ་ཞེ་ན།།
147b6 སློབ་དཔོན་ལ་ནི་བརྙས་བྱེད་དང་།། རྡོ་རྗེ་སྤུན་ལ་སྡང་སེམས་ཆེ།། ཟབ་མོའི་དོན་ལ་སྐུར་བྱེད་ཅིང་།། གསང་རྒྱུད་དོན་ལ་འཕྱ་བ་དང་།། སེར་སྣ་རང་ཕྱོགས་ཆགས་པ་ཆེ།། དད་དང་དམ་ཚིག་མི་ལྡན་ཞིང་།། རྒྱལ་སྲིད་རིན་ཆེན་མི་གཏོང་བའི།། ཕྱི་ནང་གཉིས་ལྷའི་གང་ཟག་ལ།
147b7 བསྐལ་པ་ཞིང་གི་རྡུལ་སྙེད་དུ།། ལུས་སེམས་བྲལ་བར་བྱེད་གྱུར་ཀྱང་།། གསང་བའི་གླེགས་བམ་མི་བསྟན་ན།། དབང་དང་དངོས་གྲུབ་རྣམས་ཀྱང་མིན།། རྨོངས་པས་གལ་ཏེ་བྱིན་ན་ནི།། དེ་ཉིད་མནར་མེད་དམྱལ་བར་ལྟུང་།། དད་དང་དམ་ཚིག་ལྡན་པ་ཡིས།། ཕུན




iiif viewer powered by OpenSeadragon

147a - 148a

Texts on this page

Gdg011.4 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud