e-texts navigator
Collection
Volume
Page
Wylie

147a1 དབང་དྲག་ལ་སོགས་པས།། མཐའ་ཡས་བཞིས་ནི་རྣམ་པར་བསྡུས།། ལྷུན་གྱིས་གྲུབ་པར་ཀུན་ཀྱང་འགྲུབ།། མདོར་ན་འབྲས་བུའི་རྣམ་གྲངས་ན།། བསྡུས་པས་ཉི་ཤུ་རྩ་ལྔར་གནས།། རྡོ་རྗེ་སེམས་དབུའ་སྐུ་འཕྲལ་དྲ་བ་གསང་བ་མེ་ལོང་ས་ཅང
147a2 ཆེན་པོ་ལས་ལྷུན་གྱིས་གྲུབ་པ་མ་ལུས་པ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་གསང་བདག་རྡོ་རྗེ་འཛིན།། དཔག་མེད་རྒྱལ་བས་དབང་བསྐུར་བ།། གསང་བའི་བདག་པོ་སྔགས་ཀྱི་མཛོད།། གཏེར་འཛིན་རྒྱལ་པོ་སྟོབས་པོ་ཆེ།། རང་གི་ལག་གོ།
147a3 རྡོ་རྗེ་ཉིད།། དགའ་ཞིང་མགུ་བས་གསོར་བྱས་ཏེ།། བྱེ་བ་རྡུལ་སྙེད་བཅས་པ་ཡིས།། རབ་ཏུ་བསྐོར་བ་བྱས་པ་ཡིས།། འཇིག་རྟེན་དྲུག་ཏུ་བཅས་པ་དག། འཁྲུགས་ཤིང་རྣམ་པར་གཡོ་མཛད་དེ།། ཀུན་དུ་རབ་གཡོ་རྣམ་པར་གཡོ།། སྟོང་གསུམ་འཇིག་རྟེན་འཁོར
147a4 ཡུག་བཅས།། འོད་དང་སྒྲ་ཡིས་གང་མཛད་དེ།། རྨད་འབྱུང་སྐུ་གསུང་ཐུགས་རྣམས་ཀྱི།། ངོ་མཚར་ཆོ་འཕྲུལ་རྣམ་པར་སྣང་།། ངོ་མཚར་ཆོ་འཕྲུལ་རྨད་འབྱུང་གི།། ཕྱི་ནང་གསང་བའི་མཆོད་པ་དང་།། འདོད་ཡོན་ལྔ་ཡིས་ཁང་མཛད་དེ།། རྒྱལ་བའི་ཚོ་གས
147a5 ཀུན་མཉེས་པར་བྱས།། ཀུན་ཀྱང་དགའ་ཞིང་མོས་པ་ཡིས།། ཞིང་། ཁམས་རྡུལ་དང་མཉམ་པ་ཡི།། འཁོར་ཚོགས་རྣམས་ནི་བསྟོད་པ་འདི།། སྣ་ཚོགས་སྒྲས་ནི་གློ་རུ་བླངས།། ཨོཾ་ཨཱཿཧཱུ~ཾ་ཨ་ལ་ལ་ཧོ།། སྒྱུ་འཕྲུལ་དྲ་བའི་ཐུགས་ནི་མི་སྱེ་ཡེ་ཤེས་བདེ་བའི་ཤུགས།། མི
147a6 གས་གསལ་བའི་ཐུགས་ནི་ཀུན་ལ་ཁྱབ་པར་གནས།། གང་ཡང་དབྱེར་མེད་འདུས་བྱས་མ་ཡིན་འདུས་མ་བྱས་མིན་སྐྱེ་འཇིག་མེད།། དམ་པའི་ཐུགས་ལ་བྱེང་ཚོར་གཡོ་འགྲོག་ཅི་ཡང་མེད་པས་བདེ་ཧོ།། སྒྲ་འཕྲུལ་དྲ་བ་ནི་སྣ་ཚོགས་ས་འབར་བདེ་བའི་ས།
147a7 མཐའ་ཡས་ཇི་ལྟར་སྣང་བ་ངོ་བོས་དབེན།། དེ་ཉིད་འདུ་བའི་ཐབས་ཀྱིས་ད་ལྟར་ཡིད་འཕྲོག་ཐིམ་པའི་སྒོ།། མཐར་ཡས་སྣ་ཚོགས་བྱེ་བྲག་ཇི་ལྟར་གསལ་ཡང་ནམ་མཁའི་ངང་དུ་བྱེ་བྲག་མེད་ཏེ།། སྐུང་ཕྲུལ་དྲ་བའི་ཡོན་ཏན་ཡིད་བཞིན་ནོར་བུ་རིན་པོ་ཆེ།། མཛད




iiif viewer powered by OpenSeadragon

146b - 147b

Texts on this page

Gdg011.4 - rdo rje sems dpa'i sgyu 'phrul dr+wa ba gsang ba thams cad kyi me long zhes bya ba'i rgyud