e-texts navigator
Collection
Volume
Page
Wylie

8b1 བཅྡོཾས་ཀྱང་།། ལས་འགྲོའི་དབང་གིས་སོ་སོར་སྣང་།། དཔེར་ན་མ་ལོང་ཆུ་ཟླ་བཞིན།། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ།། སྡིག་སློད་གཟུགས་སུ་སྣང་བརྡ་བསྟན།། ཉྫརྒྷ་ཐོས་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒལ་རྣམས་ལ།
8b2 བསེ་རུའི་ཚུལ།། གཞན་ཡང་ཐེག་མཆོག་རིམ་པ་བཞིན།། འོག་མིན་བླ་མེད་གནས་མཆོག་ཏུ།། སྲ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག་མི་སྨྲ་སྟེ།། སྭཱ་ཡི
8b3 ཆོ་སྟེ་རྣམས་མཇལ་བར་སྟོན།། མེ་ལོང་བསྟན་པའི་ཚུལ་བཞིན་དུ།། དངོས་ཀྱི་མདོག་ངན་ཐམས་ཅད་སེལ།། འཁོར་ཀྱིས་དེ་བཞིན་སུ་བལྟས་ན།། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད།། མེ་ལོང་བཞིན་དུ་སྐུལ་སྣང་།། དེ་ནས
8b4 ས་བཅུ་རིམ་གྱིས་འབྱང་།། བླ་མེད་བྱང་ཆུབ་ཡང་དག་ཐོབ།། ཆོས་སྐུ་དཔག་མེད་བརྗོད་དུ་མེད།། ལོངས་སྒྱུ་ཟད་མེད་ཡིད་བཞིན་གཏེར།། སྤྲུལ་པ་བྱེ་བ་བསམ་མི་ཁྱབ།། མཚན་དང་དཔེ་བྱད་ཐམས་ཅད་རྫོགས།། སྤྱོད་ཡུལ་ཀུན
8b5 དུ་མཎྜ་ལ།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། ཐབས་དང་ཤེས་རབ་ས་ཡི་མཆོག། དེ་ལ་སོགས་པ་བསམ་ཡས་མཆོག། སྐྱེ་ཤི་མེད་པའི་གཡུང་དྲུང་སྲུ།། ཉོན་མོངས་ཀུན་གྱི་ཞིང་དུ་གནས།། ཟད་མི་ཤེས་པའི་གཏེར
8b6 དུ་འགྱུར།། རྡོ་རྗེ་རིག་པ་འཛིན་པའི་སྒྲ།། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ།། ངོ་ཚེ་སུ་ལྔ་ཀུན་ཅིང་རྫོགས།། ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅ
8b7 དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ། ཞིང་གི་རྡུལ་སྙེད་དུ་གསལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས




iiif viewer powered by OpenSeadragon

8a - 9a

Texts on this page

Gdg009.1 - gsang ba'i snying po de kho na nyid nges pa