| | e-texts navigator
|
7b1 ཡིད་བཞིན་མཛོད།། འཕེལ་འགྲིབ་མེད་པར་དབྱུང་བ་སྟེ།། དངོས་པོ་མེད་ལས་དངོས་པོའི་སྤྲིན།། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།། དངོས་རྣམས་ཉིད་ནི་དངོས་མེད་པརྭ།། རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན།། གང་གིས
7b2 དམིགས་མེད་མི་ཤེས་པ།། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས།། དེ་ཕྱིར་དངོས་དང་དངོས་མེད་པ།། འཇིག་པས་དམིགས་མེད་ཤེས་པར་གྱིས།། གཞི་རྩ་མེད་པའི་སེམས་ཉིད་ནི།། ཕོ་མོ་མ་ཡིན་མ་ནི་དེ་མིན།། མཚན་མེད་མ་ཡིན།
7b3 རིགས་བརྒྱད་མིན།། ཁ་དོག་མ་ཡིན་དབྱིབས་མ་ཡིན།། གནས་སུ་མ་ཡིན་གང་ཡང་མིན།། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས།། ཐ་དད་མིན་ལས་ཐ།
7b4 དང་བའི།། ནང་དང་ནང་གི་ཕྱི་རོལ་གྱི།། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།། འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག། གང་གིས་གླང་ཚོན་མྱོས་དཾ་དཱའི་སེམས།། མཉམ་པར་གཞག་པས་བཏུལ་ནས་སུ།། སྔགས་དང
7b5 ཕྱག་རྒྱ་རབ་བརྟེན་ན།། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར།། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ།། གསང་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་དྲབ་སྒྲུབ་པའི་ཏིང་ངེ་འཛིན་གྱི་ལེའུ
7b6 སྐྱེ་ལྔ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཐམས་ཅད་ཀྱིས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ། ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་དབྱུང་བུར་བཞེད་ནས།
7b7 ཚོད་དུ་བརྗོད་པ་འདི་བརྗོད་དོ།། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ།། དཀྱིལ་འཁོར་བས་མ་ཡས་སྤྱན་གྲུབ་ནི།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས།། ཀུན་འབྱུང་དཀྱིལ་འཁོར་ཆེན་པོ་དཔྱོད།། འཁོར་ལོ་རྩིབས་བཞི
iiif viewer powered by OpenSeadragon
7a - 8a