| | e-texts navigator
|
5b1 དམིགས་བདག་ཏུརྟགས་ལས་འཕྲོས།། རྒྱུད་དྲུག་སྒོ་འགག་ལུས་དང་ལོངས་སྤྱོད་དང་།། གནས་དང་ཕྱུག་བརྫུག་འཁྲུལ་འཁོར་ལ་སོགས་བྱ།། ལོག་ཅིག་ཉིད་ལས་གཞན་དུ་ཅི་ཡང་མེད།། སོང་ཉིད་བདགུ་མེད་ཡོ་མཐུན
5b2 ར་རིག་ཟུགས།། དམིགས་བྱ་དམིགས་བྱེད་མེད་པར་རྔན་དབང་བསྒྱུར།། ངོ་མཚོར་ལྷགསང་ཡིན་ཏན་ཞིང་ཁམས་ལས།། གཞནན་མེད་དེ་དེ་ཉིད་དེ་ལྟར་ཡིན།། ཞེས་རྡོ་རྗེ་ག་སོང་བཅཝ་ཆོག་ཏུའོ།། ཞེས་བརྗོད་པས། ཐུབ་པ
5b3 དྲུག་གི་སྒྲུབ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱི་སྔ་མཁྱེན་ཏེ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ
5b4 ཕབ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི
5b5 གཡོ་བར། ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་འཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི། སྒྲ་དང་གསུང་དང་ཐུགས་ཛཱ་ནཱི་ལས་ཕྱུང་ངོ་།། ཨརྒྷ་རབ་ཏུ་བརྟན་གྱུར་ཨ་དཀར་ལུས།། ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།། ཕྱོགས
5b6 བཅུག་བར་གསལ་གྱུར་ནས།། བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན།། དེ་ལས་མེང་ཚོགས་གསལ་འབར་ཀུན།། སྤྲོ་ཞེང་བསྡུབ་འདྲ་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི།། བཛྲཱ་ནཱ་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ།།
5b7 ཨཿ། ཀ་ཁག་ཀྱང་། ཙེ་མ་དྷོ&། ཊཾ་ཋ་ཌ་ཌྷ་ཎ། ཏ་ཐད་དྷ་ན། པ་པ~ཾ་ཥ་བྷ་མ། ཡ་ཐར་ལ། ཤ་ཥ་ས་ཧ། !མེ་སྭཾ། ཨུ་ཨཱུ། ཨེ་ཨི། ཨོཾ་ཨོཾ། འདི་དག་ཕྱུང་བས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ།
iiif viewer powered by OpenSeadragon
5a - 6a