e-texts navigator
Collection
Volume
Page
Wylie

2b1 གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། སྒྲ་མདུན་དང་གྲུབ་མེད་པ། ཐམས་ཅད་དུ་ཡང་ཞྭལ་ཐལ་ལེ་བར་གྲས་ལ་ཞིང་མཚན་དང་དཔེ་བྱད་དང་ལྡན་པ། བསམགྱིས་མ་ཁྱབ་པ་ཐམས་ཅད་དུ། སྒྲ་གསུང་ཐུགས་རྟ་ཐོགས་པ་ཀུན་དུ་སྣང་བ། ཐབས་དང་ཤེས
2b2 རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིནུ་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། གྲུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས
2b3 པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ཀུན
2b4 ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བ་རྒན་དང་། ལྗང་གུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོར
2b5 ཚོགས་དང་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་ཀུན་དུ་མཐའ་ཡས་པར་ཁྱབ་པ་ནི། འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ།། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་།
2b6 བྱང་ཆུབ་ཆེན་པོ་རྡོ་རྗེ་སྡོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་བྱ་བ་དབ། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས
2b7 བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྡོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཕྱོང་བྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར་དང་། འབྱུང་བ་དང་། མ་བྱོན་པའི་ཚོགས་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རེག་པ་དང་། འཇོམས་པ་ཆེན་པོ་རྡོ་རྗེ་རིག་བྱེད་དང་། འབམས




iiif viewer powered by OpenSeadragon

2a - 3a

Texts on this page

Gdg009.1 - gsang ba'i snying po de kho na nyid nges pa