e-texts navigator
Collection
Volume
Page
Wylie

12a1 ག་དུ།། ནན་ག་མ་ཟླ་།
12a2 བནི་དྲ་ཚོད་།། དབྱིབས་དང་ཁ་དག་མེཚན་ལྡན་པ་།། ཞལ་དགྱུར་པའི་མ་སྩལ། བཟའ་བརྗིང་ཟ་བའི་ཚུགས་རྣམས་ཀྱིས། སས་བཞིའི་མཆོད་པ་རྙེགས་སྦྱིན།། ཁོ་བོའི་དཀྱིལ་འཁོད་དེ་བཞིན་དུ།། ཤིན་ཏུ་ཕྲལ་སྦྱང
12a3 པ་ཕྱི།། བསམ་ཡས་དག་ལ་འང་དེ་བཞིན་བྱ།། རིག་པས་དཔག་པ་ཙམ་དུའོ།། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི།། སེམས་ཀྱི་ཡིད་བཞིན་སྦྱིན་རྟོགས་ཀྱིས།། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་།། མཉེན་འཛ
12a4 ན་བདེ་བ་ཡི།། སྣ་ཚོགས་རིན་པོ་ཆེ་ཡི་གཞི།། མཛེས་པར་བྲིས་ཤིང་སྐྱེས་པ་དང་།། ཀུན་འབྱུང་རིན་ཅེན་ཕུང་པོར་འབར།། དབྱིབས་ལེགས་སྡོང་བུ་བྲོ་མཆོག་བསིལ།། རིན་ཆེན་ཁང་པ་སྣ་ཚོགས་དང་།། རྒན་དང་དཔག
12a5 བསུམ་ལྗོན་པའི་ཚ་ལ།། ཀླུ་དབྱངས་ཚིགས་སུ་བཅད་པའི་སྒྲ།། བཱརྦི་རྐྱལ་མཚན་ན་བཟའ་གདུགས།། དོ་ཤལ་དཔུང་རྒྱན་སེ་མོ་།། བཟའ་དང་བཏུང་བའི་མཆོག་རྣམས་དང་།། རང་ལ་མིཛེས་པ་བརྒྱན་པ་ཡི།། ལྷ
12a6 ལྷ་མོ་རྡུལ་སྐྱེད་ཀྱིས།། བྲོ་གར་ལ་སོགས་བསམ་ཡས་ཀྱིས།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ།། སྐལ་ལྡན་གསལ་བའི་ཁྱད་པར་གྱིས།། རིམ་གྱིས་ཡང་ན་ཅིག་ཅར་དུ།
12a7 རྫས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་།། མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ།། གསལ་ལྡན་མའམ་བྱིན་བརླབས་ལ།། སྟོང་གསུམ་ཡུངས་འབྲུར་གཞུག་ཚུལ་ངུ།། དབྱངས་ནས་དཀྱིལ་འཁོར་སྤྱན་དྲངས་མཛོད།།




iiif viewer powered by OpenSeadragon

11b - 12b

Texts on this page

Gdg009.1 - gsang ba'i snying po de kho na nyid nges pa