e-texts navigator
Collection
Volume
Page
Wylie

11a1 བཀན།། ཧ་བསྲུང་རྩ་མོར་དྲལ་གྲི་འབད།། ཐབ་རྟུལ་འབུ་སྦས་དྲིལ་གསིལ་ཞིང་།། འཁྲིལ་བའི་རྡུལ་གྱིས་ཆོས་ལྔ་བརྟེན།། འབྲུ་བཞི་སྨྲས་ནས་ཐུགས་ཀར་བཀནྡ།། རྟབགྷང་སྟེ་མར་ནི་ལ་གསལ་འབད།
11a2 ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ།། ཨཱཿལུཀྵ་ཤིང་ལ་སོགས་མཚན།། རིན་རྐྱེན་མུ་ག་རལ་གྲི་འབར།། པདྨ་དཀར་པ་རྡོ་རྗེ་འབེར།། ཟས་ཀྱི་འཁོར་ལ་ན་ཅན་ཏེ།། གཟུགས
11a3 རློན་ཆེན་འབྲང་བ་དང་།། པི་ཝང་གར་མཁན་མཆོག་ཉིད་དེ།། མེ་ཏོག་འགྲེང་དང་སྤྲོས་མཆོད་མ།། མཱར་མེ་ཐུག་པ་ལ་སོགས་པའི།། ལས་ལ་འཁྲིལ་ཞིང་ཆོས་ལ་བསྟན།། དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ།། གོང
11a4 གི་ཕྱག་རྒྱ་ཆེན་པོ་བཞིན།། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ།། སྒོ་བཞིའི་ཁྲོ་བོའི་ཕྱག་རྒྱ་ནི།། ནརྀ་མགོ་གདེངས་དང་རྡོ་རྗེ་གནོན།། བོང་སྦྲུལ་ཆེན་པོ་གནོན་པ་དང་།། རྡོ་རྗེ་རྒྱ་གྲཱ་མ་ལས་ཀྱི་གནོན།། ལྕགས་ཀྱུ
11a5 ཞགས་པ་སྥོ་ཊ་ཧོ།། སྒོ་བཞིར་གནས་པ་དེ་དག་ཀྱང་།། འདུད་ཚུལ་འཁྲིལ་བ་གོང་མ་བཞིན།། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ།། མདོར་བསྡུས་ཕྱག་རྒྱ་དྲུག་ཏུ་བསྟན།། ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས།། ཀུན་བཟང
11a6 མཉམ་གཞག་ཡེ་ཤེས་འཕྲོ།། ཡུམ་འགྱུར་མཉམ་རྫོགས་པདྨའི་སྐྱེ་ལ།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ།། ཡང་ནི་དེ་བཞིན་གཤེགས་ཉིད་དཱ་མཾ།། ཡང་ན་རྡོ་རྗེ་ཐལ་མོ་ཉིད།། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི།། ཐབས
11a7 དང་ཤེས་རབ་ལྡན་འབྱོར་ན།། མ་བསྐྱོད་མ་བསྐུལ་ཐམས་ཅད་ཀུན།། ཕྱག་རྒྱ་ཆེན་པོའི་ངང་དུ་གནས།། ཡན་ལག་བཞི་བཅུ་རྩ་གཉིས་ལྡན།། དེ་ཉིད་ཡན་ལག་སྤོས་བདག་སྟེ།། བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར།། དེ་ལྟར




iiif viewer powered by OpenSeadragon

10b - 11b

Texts on this page

Gdg009.1 - gsang ba'i snying po de kho na nyid nges pa