e-texts navigator
Collection
Volume
Page
Wylie

10b1 དཀའོ།། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། རིན་ཅེན་ཟླ་བའི་དཀྱིལ་ཡི་གེ། ལྷ་གཉིས་ཟུང་དུ་སྤྲོས་པ་ལས།། སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱ།། ཨོཾ་དང་མུཾ་གཉིས་ཀྵེ་སྦྱར་ཏེ།། འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ།། རྒྱལ་བུ
10b2 ཀུན་དང་མཉམ་སྦྱོར་བའི།། བདེ་བ་ཆེན་པོ་སྦྱིན་པའི་རྒྱ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཱཀན།། ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འང་རེ།། ཟླ་བརྟུལ་འབྲུ་ཝས་དྲི་ལེ་གསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན།། འབྲུ་བཞི
10b3 སྦས་ནས་ཐུགས་ཀར་བཀྲན།། མུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ཨཱ་བསྒྲེང་རྩེ་མོར་འཁོར་ལོ་དབར།།
10b4 བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ལཱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི
10b5 མྱདངས་ཀྱིས་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། སྟེ་བསྒྲེང་རྩེ་མོར་རིན་རྗེན་འབར།། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན།། འབྲུ་བཞི་སྦས་ནས་ཐུག་སྲྀ་ཀར་བཀན།
10b6 མི་སྒྲེང་རྩེ་མོར་དྲིལ་གསིལ་འབད།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། ཨེ་བསྐང་རྩེ་མོར་པདྨ་འབར།། ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་།
10b7 འཁྲིལ་པའི་ཚུལ་གྱིས་ཆོས་ལ་བརྟེན།། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན།། བྱེ་བསྒྲེང་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཅུད་དེ་འཛུམ་པའི་མདངས་ཀྱིས་བལྟ།། འབྲུ་བཞི་སྦས་ནས་ཐུགས་ཀར




iiif viewer powered by OpenSeadragon

10a - 11a

Texts on this page

Gdg009.1 - gsang ba'i snying po de kho na nyid nges pa