| | e-texts navigator
|
9b1 འཐུར་བྱེད་ཅིང་།། ཝས་ལ་མཚན་དང་དབ་བྱུང་ལྡན།། སངས་རྒྱས་འཁོར་མཚན་གྱིས་བཤད།། སྐྲོད་ལམ་རྣམ་པཞིད་སྤུན་འཇུག་ཅོང་།། རིན་ཆེན་ནོར་ལ་རྟག་ག་ང།། གསེར་ལ་ཕྱོགས་པའི་རིན་ཆེན་གྱིས།། བླམ་མཉེས་པར་བྱེད་པ་ནི།
9b2 རིན་ཆེན་དཀྱིལ་འཁོར་དག་ལའོ།། དག་གི་ནི་ཤིན་སྦྱངས།། རྫུན་དང་ཕྲ་མཆོག་རྩུབ་མེད།། གླུ་དབྱིངས་དགེལ་དགའ་བ་ནི།། བརྡ་འཛིན་པའི་སྣོད་རྒྱ་བཤད།། ལས་ལ་གུས་ཤིང་ཆོས་ལ་དགའ།། དཔའ་ལ་རྩལ་རྗེ་མཁས་ཤིང་གསལ།
9b3 རྨ་མྲའི་དགོས་པ་ཀུན་བྱེད་པ།། སྣ་ཚོགས་རྡོ་རྗེའི་བུ་ཡིན་ནོ།། ཡོན་ཏན་དེ་དག་ཀུན་ལྡན་པའམ།། ཀུན་གྱིས་བཀུར་ཞིང་ཀུན་ལ་མཛེས།། སྤྱི་ཡི་དཀྱིལ་འཁོར་དག་ལྔ་ཤིས།། གནས་སུ་བྱ་བའི་རྣམ་པ་ཡང་།། སྲང་ཐང་གཉིས་སུ་ཤེས་པར་\ུ0f7f།
9b4 གནོད་སྦྱིན་མོ་ཡི་སླར་རྗེས་སམ།། གནོད་སྦྱིན་མཚོན་ཆས་བཤལ་རྗེས་དང་།། འབྱུང་པོ་དག་གི་རྒུན་སྱེ་དང་།། ཀླུ་གདུག་དག་གི་རྒྱ་སྲང་དང་།། ཉེན་དང་འབྲེལ་སའི་གནས་དག་དང་།། ཁ་ན་མཐོར་བཅས་པའི་གནས།། སྦྱངས་ན་དངོས་གྲུབ
9b5 མྱུར་བར་བཤད།། གནས་སུ་རུང་བའི་མཚན་ཉིད་ནི།། རྡོ་རྗེའི་ཕྲག་ཆེན་གཏམས་པའམ།། རི་བོ་འདུས་པའི་རྩི་རྣམས་སུམ།། མདངས་བཟང་གངས་རི་ཐཱག་དཀར་དུ།། རྡོ་རྗེ་ཅན་གྱིས་བསྲུབ་ཏུ་རུང་།། ཕུག་དང་དགོན་པའི་རི་དག་དང་།
9b6 ནིགས་ཚལ་དྲ་བཐིབས་པ་འམ།། མདངས་དཀར་ཤར་དུ་གཞོལ་བ་ནི།། སངས་ཀྱིས་འཁོར་ལོ་ཅན་གྱིའོ།། རིན་ཆེན་སྣ་ལྔའི་ཁ་དོག་གས།། རིན་ཆེན་བླར་བརྒྱད་དབྱིབས་འདྲ་བ།། རིན་ཆེན་དག་ལ་ཆུང་བར་བཤད།། ཙནྡན་ནགས་ཚལ་མེ་ཏོག
9b7 ཆུ་ཁྲིང་ཉམས་དགའ་ཡིད་འོང་བར།། པདྨ་སྒྲུབ་པར་དེ་ཤིས་སོ།། དུར་ཁྲོད་དམ་གྲོག་པ་ཤུལ་བའི་གནས།། སུམ་མདོ་སྲོག་གྲེ་ནུབ་པོའི་རི།། སྣ་ཚོགས་རྡོ་རྗེ་ཅན་གྱིའོ།། རི་ཟན་མང་པོ་འདུས་པའི་སྤྱི།། རི་བོས་བསྐོར་བའི་ལྷག་ཕྲན
iiif viewer powered by OpenSeadragon
9a - 10a