e-texts navigator
Collection
Volume
Page
Wylie

98a1 བྱ་བཙལ་མེད་པར་མཐར་གྱེན།། བསྐྱེད་རྫོགས་མེད་པར་སྣ་རྫོགས་ཏེ། ཡུན་ཅུང་ཟད་ཙམ་ཡང་མ་ལོན་པར་དགྱེས་པའི་རོལ་ཐབས་བྱས་པར་གྱུར་ཏོ།། དེ་ནས་གཉིས་སུ་མེད་པའི་ཁྱད་པར་ལས། མ་བསྐྱེད་པ་དང་བཞིན་རྫོགས་པ་།
98a2 ཚུལ་གྱིས། རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྒྲ་ཐོབ་པར་གྱུར་ཏེ། ཆེ་ཆུང་མེད་པའི་རིམ་པ། རྣམ་གྲངས་མེད་པའི་གནས། བརྗོད་དུ་མེད་པའི་སྦས། རྟག་པ་ཆོས་ཉིད། ཆད་པ་ལ་སྲ་མདོག། ཡོད་པ་ལ་མི་དམིགས
98a3 པ། མེད་པ་ལ་བུ་གསུང་ཐུགས། རང་ཆུང་ངུ་ཤར་ཞིང་དཔག་པ་ལས་འདས་པར་བསྟན་ཏོ།། དེ་ནས་དེ་ལྟར་བསྟན་པའི་བྱིན་གྱིས་རླབས་ཀྱིས། སེམས་དྲན་པའི་ཤེས་པ་ཐམས་ཅད་ནི། ཀུན་ཏུ་བཟང་པོ་རང་གནས་ཀྱི་རྒྱལ་པོར་དབང་ཐོབ།། དང
98a4 པོ་ཡུལ་གྱི་ཤེས་པ་ཐམས་ཅད་ནི་ཀུན་ཏུ་བཟང་མོ་འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་ཁྱབ་པ་ཆེན་པོ་སྐྱི་ལ་ཡོངས་སུ་མ་གྲུབ་པའི་མན་ངག་བརྡལ་བས། བསྒོམ་པའི་དགོངས་པ་རང་རྒྱུད་དུ་ཤར། བསྐྱེད་མི་དགོས་པར་རང་ཆས་སུ་རྫོགས་ཏེ། ཤེས་རབ་ཕ་རོལ་ཕྱིན་པར
98a5 དབང་ཐོབ། དེའི་རྫས་མེད་པའི་ཡོན་ཏན་གྱིས། ཆགས་སྔང་ཐམས་ཅད་ཤེས་རབ་ཏུ་དབང་ཐོབ། དུག་ལྔ་སངས་རྒྱས་ལྔར་ལྷུན་གྱིས་གྲུབ་སྟེ། ཡེ་ཤེས་ལྔའི་ངོ་བོ་དབང་ཐོབ། དུག་གསུམ་སྐུ་གསུང་ཐུགས་སུ་ལྡན་གྱིས་གྲུབ་པའི་དབང་ཐོབ།
98a6 སྐྱེས་མི་འགག་པའི་ཀློད་ན་ཉལ། བསྐྱང་བ་ཇི་བཞིན་པའི་དབྱིངས་ལ་མནལ་ཏེ། དབང་གི་རྒྱལ་པོ་བསྐུར་མི་དགོས་པར་རང་ཆུད་དུ་ཤར་ཏི། གྱི་ནང་གི་ཆོས་ལ་སེམས་ཀྱི་དབང་མ་ཐོབ་པ་འགའ་ཙམ་ཡང་མེད་དེ། ཡེ་འབྱམས་ཀྱི་དབང་ལ་ཕྱོགས་མེད་དེ། སྤྲི
98a7 འཐམས་ཀྱི་དབང་ལ་རིས་མེད། དེ་ལྟ་བུའི་ཚིག་སུས་ཐོས་ཤིང་གྲོལ་སྣང་བ། སངས་རྒྱས་ཀྱི་རྗེ་བ་ཅན་ཡིན་པས། དབང་མི་དགོས་པའི་ཚུལ་ནི། དབང་ཐམས་ཅད་དེ་ལ་རྫོགས་ཏེ། ཐབས་ཀྱི་རྒྱལ་པོ་དབང་གི་མེས་ཞེས་བྱ་སྟེ། གང་ལྟ་བྱས་ཀྱང་དབང་གི




iiif viewer powered by OpenSeadragon

97b - 98b

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud