e-texts navigator
Collection
Volume
Page
Wylie

96b1 པ་ཡང་།། ལུས་མེད་གྲངས་ཀྱི་གྲངས་ཀྱང་བསྟན།། རྨི་ལ་མ་འཕམ་ཎྜལ་བཟང་བ་བཞིན།། གྲངས་དང་རིང་ཐུང་བརྟགས་པས་ནོར།། བདག་ནི་བསྐལ་བར་བགྲང་གྱུར་ཀྱང་།། ཐོག་པ་ཉིད་ནས་འགྱུར་བ་མེད།། མཐའ་དབུས།
96b2 ཕྱོགས་རིས་ཅིང་བསྟན་ཀྱང་།། ཐིག་ལེའི་ངང་ལས་ཉམས་པ་མེད།། འཇིགས་དང་བདུད་དང་དགྲར་སྣང་ཡང་།། སེམས་ལ་བཟུང་ཞིང་གསང་དུ་མེད།། སྣང་སྲིད་མེ་དང་ཆུང་འགྱུར་ཡང་།། བྱང་ཆུབ་སེམས་པ
96b3 འགྱུར་བ་མེད།། བདེ་བའང་མ་ཡིན་ཅིར་ཡང་སྣང་།། གསལ་ཙམ་ཉིད་ན་ཕྱོགས་རིས་མེད།། ཡོད་མེད་བརྗོད་པའི་ཚིག་ལས་འདས།། མི་འགྱུར་གཡུང་དྲུང་ཉིད་གནས་པའོ།། ། དེ་བསླང་དོང
96b4 ཕྱོགས་རིས་མེད་པར་རང་གནས་པར་འདི་སྐད་དོ།། སྐྱོན་རྣམས་བྱང་ཆུབ་སེམས་ཡིན་པས།། སྐྱོན་དུ་བོང་བའི་སེམས་མེད་དོ།། ཅི་ལྟར་སྨད་པ་ལེགས་པ་ཆེ།། ཀུན་བཟང་དོན་གྱི་སྤྱོད་ཡུལ་ཡིན།། ཡོན་ཏན་ཉིད་ཀྱང་ག
96b5 མེད་དེ།། ཅི་ལྟར་སྣང་བ་ཐམས་ཅད་ལྡན།། ཡེ་ནས་བཙལ་མེད་དེ་བཞིན་ཉིད།། གཞན་ནས་རྒྱལ་བས་བཙལ་དུ་མེད།། ཡོད་མེད་བླང་དོང་སྤྱོད་པའི་ཆོས།། ནམ་མཁའ་འདྲ་སྟེ་གྲུབ་པ་མེད།། མཁས་པས་པེ་ནས་ཡོངས
96b6 མི་འཛིན།། དེ་ལ་ཅིང་ཡང་འགྱུར་བ་མེད།། མ་བཙལ་རང་སེམས་སངས་རྒྱས་པས།། བདེ་ཚོགས་གཞན་དུ་རྒོལ་བའི།། བརྟགས་ཤིང་བཙལ་བས་མི་རྙེད་པས།། དེ་བསམ་རྟོག་སེམས་ཉིད་ཚོལ།། ཅི
96b7 བསྟན་པ་བདེ་བཆེ།། གང་ལྟར་སྤྱད་པས་ཀུན་ཏུ་བཟང་།། ངེས་པའི་དོན་དུ་ཉིད་གནས་པས།། དོན་འདིར་མརྫོགས་མེད་པ་།། ཀུན་ཏུ་བཟང་པོ་རྣམ་པ་ལྔ་དང་ཆེ་བ་དང་གནས་ཆེན་པོའི་རྒྱུད་རྫོགས་སོ།།




iiif viewer powered by OpenSeadragon

96a - 97a

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud