e-texts navigator
Collection
Volume
Page
Wylie

95b1 ཉིད་འབྱུར་མོད་བྱས།། བྱང་སྡུག་པཅལ་ཡང་བྱེད་མི་འགྱུར།། བམས་ནད་རང་གི་སེམས་ཡིནན།། སྡུག་བསྔལ་ཉིད་ཀྱང་པ་དང་མ་མོང་།། རང་བྱུང་གཞེས་ལན་ཤེས་ན།། ངན་སོང་ཉིར་བྱངས་དུས་རྒྱས་ཞིང་།། མཉམ་པ་ཉིད་ལྷན
95b2 གྲུབ་པས།། ཕྱོགས་དང་རིས་སུཾ་བཙལ་དུ་མེད།། མ་བཅོས་ཀུན་ཏུ་བཟུང་པོ་ལ།། བདེ་དང་སྡུག་བསྔལ་གཉིས་སུ་མེད།། བྱང་ཆུབ་སེམས་ཉིད་བདེ་ཆེན་པོ།། རྒྱུ་ཉིད་དག་པ་འབྲས་བུ་སྟེ།། ཚིག་དང་ཡི་གེར་ལས་འདས་པ།། བཙལ་མ
95b3 གྲུབ་རང་གནས་པའོ།། བཟུང་ངན་གཙང་སྨེ་མ་གཡོས་པར་ནི།། མ་རིག་མུན་པའི་ཕུང་པོ་ཡི།། ཡེ་ཤེས་ཉི་མ་ཤར་བལྟར།། རྟོགས་དང་མ་རྟོགས་རང་བཞིན་ལ།། བྱང་ཆུབ་སེམས་གསལ་བཟང་ངན་མེད།། བདུད་རྩི་ཆེན་པོ
95b4 སྦྱིན་ལ།། དུག་དང་རྩི་གཉིས་མེད་པ་ལྟར།། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། སྟོན་དང་ཡོན་ཏན་མིང་ཡང་མེད།། ངན་པ་ལས་བྱུང་བཟུང་བ་མེད།། སྐྱོན་དང་ཡོན་ཏན་ཉིད་དུ་དག། མྱི་གཙང་བ་ལ་གཙང་བ་མེད།། དུགཉིད་བདུད་།
95b5 རྩིའི་རང་བཞིན་པས།། གཉིས་མེད་དོན་འཆང་ཡེ་ནས་དག། དབྱེར་མེད་སྨོན་དུ་མེད་པ་ལ།། འདུ་བྱེད་རྩོལ་བ་ཤིན་ཏུ་རྨོངས།། མ་བཅོས་ཐིག་ལེ་ཡེ་ནས་དག། མེད་ལ་ཡོད་པར་འཛིན་པའི་ཆོས།། ནམ་མཁའ་བགོ་བཤའ་མེད་པ
95b6 འདྲ།། ཚེ་ཚད་ལས་ལ་གྲུབ་པ་མེད།། གཞན་དུ་རྣལ་འབྱོར་མཚོལ་ཅིག། དོན་མེད་སྒྲ་ཚིགྲོ་སྒྲ་ཕྱིར་འབྲངས།། ཐེག་པ་དེས་མེད་ས་མ་ཟིན།། ངེས་པའི་མན་ངག་རྟོག་པར་གོལ།། དོན་མེད་དེ་འདྲ་མནོས་ན་འཁྱལ།།
95b7 དབས་འགྱུར་མེད་བྱང་ཆུབ་དེ་ན།། རྫོགས་ཆེན་འདི་ལ་གང་སྤྱོད་པ།། ཡེ་ཤེས་ཀུན་བཟང་ཉིད་ཡིན་པས།། བཟང་ངནག་ཙང་སྡེ་གཉིས་སུ་མེད།། མནང་གདོན་དང་ལྡན་པའི་གདོང་།། སེམས་ལས་མ་ཡངས




iiif viewer powered by OpenSeadragon

95a - 96a

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud