| | e-texts navigator
|
95a1 པས།། མ་བཙལ་མ་བསྒྲུབས་ཡེ་ནས་དག། དེ་ལ་བཅོས་སུ་ཡེ་ནས་མེད་པའོ།། སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་ནི།། ཐམས་ཅད་མཁྱེན་པའི་སངས་ཀྱིས་དང་།། ལོག་རྟོག་འཁྲུལ་པའི་སེམས་ཅན
95a2 གཉིས།། ཆེ་ཆུང་ཁྱད་པར་བྱུང་བ་ཡང་།། གསེར་མགར་འདྲ་སྟེ་ཅིར་སྣང་གཅིག། རྨྱི་ཤིང་ནགས་ཚལ་ཐམས་ཅད་ཀྱང་།། སྦྱོར་ཤེས་ན་ནི་སྤྱན་ཡིན་ལ།། སྦྱོར་བ་མི་ཤེས་དུག་ཏུ་འགྱུར་བ་བཞིན།། སངས་རྒྱས་སེམས་ཅན་དེ་བཞིན་ནོ།། མ
95a3 བཅོས་སེམས་ཀྱི་ཆོས་ཉིད་ལ།། བྱང་ཆུབ་སེམས་ལས་འགྱུར་མེད་ན།། རིན་ཆེན་གླིང་དུ་ཕྱིན་པ་ལྟར།། སངས་རྒྱས་སེམས་ཅན་བཙལ་དུ་མེད།། འབྲས་བུ་སྨིན་པའི་སྙེ་མ་ཡང་།། ས་བོན་ཉིད་ལས་གཞན་མ་ཡིན།། བླ་ན་མེད་པའི་སངས
95a4 རྒྱས་ཀྱང་།། སེམས་ཅན་སེམས་ལས་གཞན་མ་ཡིན།། དེ་བཞིན་རྒྱུ་འབྲས་གཞི་མ་ཡང་།། ཡེ་ནས་གཉིས་མེད་བྱང་ཆུབ་སེམས།། བདེ་བ་ཆེན་པོར་ཡི་བརྡལ་བས།། ཡེ་ནས་གཉིས་མེད་ཀུན་ཏུ་བཟང་།། གསེར་བཞིན་མ་བཅོས་ཡེ
95a5 ནས་གནས།། རང་བཞིན་གདོད་ནས་དག་པ་ལ།། ཚིག་དང་ཡི་གེས་བཅོས་སུ་མེད།། གང་ལྟར་སྤྱད་ཀྱང་ཐོག་མ་པའོ།། །། བདེ་དང་སྡུག་བསྔལ་བཅོས་སུ་མེད་པ་ནི།། བདེ་དང་སྡུག་བསྔལ་གཉིས་མེད་པས།། རང་འདོད་བཅོས་པའི
95a6 སྨོན་པ་མིན།། ཡེ་ནས་དེ་ལྟར་གནས་པ་ནི།། ཀུན་གཞི་ཀུན་ཏུ་བཟང་པོས་གསུངས།། ནམ་མཁའ་བཞིན་དུ་ཡེནས་གསལ།། རྟོག་དང་མི་རྟོག་གཉིས་མེད་པས།། མཐོ་རིས་ངནི་སོང་བཙལ་དུ་མེད།། དེ་རྟོག་བྱིས་པའི་སྤྱོད་ཡུལ་ཡིན།། །
95a7 རརིང་བཞིན་མེད་པའི་ཆོས་ཉིད་སེམས།། ཡེ་ནས་ཀུན་ཏུ་བཟང་པོ་ལ།། གཙང་དང་སྨྲེ་གཉིས་མེད་པ་ལྟར།། བདེ་སྡུག་རྟོག་པ་ཤིན་ཏུ་བྲལ།། རང་སེམས་འབྱུང་བའི་ཆོས་ཅན་ནི།། བདེ་དང་སྡུག་བསྔལ་རིམ་པ་དེས།། སེམས་ཀྱི་ཆོས
iiif viewer powered by OpenSeadragon
94b - 95b