e-texts navigator
Collection
Volume
Page
Wylie

94b1 བཟང་པོ་ཉིད་ཀྱིས་གསུངས།། ཟད་པ་ཐོབ་ཅེས་བཏགས་པ་ཡི།། སྐུ་དང་ཡེ་ཤེས་ཆེ་བ་དང་།། ངན་སོང་འཁོར་བའི་སྡུག་བསྔལ་ནི།། མ་སྐྱེས་དབྱིངས་སུ་ཡོན་ཏན་གསལ།། ཁམས་གསུམ་འཁོར་བའི་ཆོས་ཉིད་ལ།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས།
94b2 ཀྱང་།། རང་བཞིན་ཡེ་ནས་དངོས་མེད་པས།། ལྷམ་འདྲ་སྟེ་གྲུབ་པ་མེད།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་།། དབྱེར་མེད་ངོ་བོར་ཚུལ་གཅིག་པས།། རང་བཞིན་གདོད་ནས་མ་སྐྱེས་ཕྱིར།། བཅོས་པ་མེད་པར་རང་བཞིན་གནས།། སྐྱེ་དང་མི་སྒྲ
94b3 ཚོགས་པ།། སྡིག་རྒྱུ་འདྲ་སྟེ་རང་བཞིན་མེད།། དེ་བཞིན་བརྟན་གཡོ་ལ་སོགས་ཀུན།། དོན་གཅིག་གཉིས་མེད་ཐ་མི་དད།། ཐམས་ཅད་དེ་ཡང་བྱང་ཆུབ་སེམས།། སངས་རྒྱས་ཉིད་ལས་རིམ་གཉིས་མེད།། མ་སྐྱེས་པ་ཡི་རང་བཞིན་ལ།། མ་བཅོས་པ་ཉིད
94b4 བློ་ཡིན་ནོ།། ཞེས་པའོ།། ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུར་གནས་པ་ནི།། ཕྱི་ཡི་འབྱུང་བ་ལ་སོགས་པའི།། ཡུལ་གྱི་རྣམ་པ་ཐམས་ཅད་ནི།། མ་བྱུང་མ་སྐྱེས་ཆོས་ཀྱི་དབྱིངས།། མི་སྐྱེ་མི་འགག་སྤྲོས་དང་བྲལ།། རང་བཞིན་ཡོངས་ཀྱིས་ཞི་བ་ལ།། རྒྱུ་དང་རྐྱེན
94b5 ལ་མ་ལྟོས་ཏེ།། དུས་གསུམ་འདུས་མ་བྱས་པའི་ངང་།། མཐའ་དབུས་ཕྱོགས་རིས་མེད་པ་ཡིས།། ཆོས་ཉིད་མ་སྐྱེས་ཀློང་དུ་གདལ།། དེ་བཞིན་ཉིད་ཀྱིས་གར་ཁྱབ་པར།། རང་རླིག་ཡེ་ཤེས་ཆེན་པོར་རོལ།། དངོས་མེད་དངོས་བྲལ་བྱང་ཆུབ་སེམས།། ཆོས
94b6 ཉིད་དེ་བཞིན་པ་ཉིད་ལ།། རིག་པ་དེ་བཞིན་ཉིད་གནས་པ།། དབྱེར་མེད་གཉིས་སུ་མེད་པ་ཡིས།། ཆོས་ཀྱི་སྐུ་ཞེས་དེ་ལ་བྱ།། དུས་གསུམ་འཕོ་འགྱུར་མེད་པ་ཡིས།། སྐྱེ་ཤི་མེད་པའི་གཡུང་དྲུང་དུ།། ཡེ་ནས་ཆོས་སྐུར་གནས་པ་ཡིས།། སངས་རྒྱས་གན
94b7 དུ་བ་ཙལ་མི་དགོས།། ཆོས་སུ་སེམས་ཀྱི་བྱིན་རླབས་ལས།། སྐུ་ཡི་ཁྱད་པར་ཅིར་སྣང་ཡང་།། བྱང་ཆུབ་སེམས་ལས་གཞན་མེད་པས།། བཙལ་མི་དགོས་པར་རང་བཞིན་གནས།། དེ་བཞིན་ཐམས་ཅད་སངས་རྒྱས་པས།། ཆོས་སུ་བྱང་ཆུབ་སེམས་གནས




iiif viewer powered by OpenSeadragon

94a - 95a

Texts on this page

Gdg008.4 - dbang gi rgyal po dbang skur rgyal po'i rgyud