| | e-texts navigator
|
92b1 ཤེས་པར་གྱིས།། ཤིན་ཏུ་རྣལ་འབྱོར་གང་ཡོད་པ།། སེམས་ཅན་རྟོག་པ་ཆེ་འདོད་ན། ལེའུ་འདི་ལས་བཙལ་བར་བྷ།། སེམས་ཅན་ཡེ་ནས་ཆེ་བའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་རྟོག་པ་ཡ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།།
92b2 རྟོག་པ་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། རྟོག་པ་ཡེ་ནས་ཆེ་བ་ཡིན།། དོན་ནི་བསྟན་པ་འདི་ཡིན་ནོ།། མཁས་པ་མི་ག་ཙོ་རྟོགས་པ་གཙོ།། མཁས་པ་ཚིག་གི་ཟན་ཡིན་ནོ།། རྟོགས་པས་ཆོས་ཉིད་གྲོང་ནུ་འགྲོ།། བཤད་པ
92b3 མི་གཙོ་བསྒོམ་པ་གེཿ།། བཤད་པ་ཚིག་གི་བཤད་ར་ཡིན།། བསྒོམས་པས་ལྷ་དང་གཉིས་སུ་མེད།། བསྲུབ་པ་པས་ཀྱང་རྟོགས་པ་གཙོ།། རྟོགས་པ་གདེང་དུ་མ་ཆུད་ན།། བསྒྲུབ་པ་རྟོག་པའི་རྒྱན་ལ་བསྒྲུབ།། བསྒོམ་པ་མཚན་མའི
92b4 ངང་ལ་བསྒོམ།། རྩོལ་བ་ཉོན་མོངས་ཞེན་པ་འཚོལ།། རྟོགས་པ་ཡེ་ནས་ཆེ་བ་ནི།། སྣང་སྲིད་རྟོགས་པས་ཡེ་ཤེས་ཆེ།། ཕྱི་ནང་རྟོགས་པས་ཐིག་ལེ་ཆེ།། ཚེ་ཆུང་རྟོགས་པས་མཉམ་ཉིད་ཆེ།། ཡང་དག་རྟོགས་པས་ཡེ་ཤེས་ཆེ།།
92b5 བཟང་ངན་རྟོགས་པས་བདེ་ཆེན་ཆེ།། བྱ་བཙལ་རྟོགས་པས་བདེ་ཆེན་ཆེ།། བདེ་ཆེན་རྟོགས་པས་བྱང་ཆུབ་ཆེ།། རྟོགས་པའི་གླང་ཆེན་ཕྱོགས་རིས་མེད།། ཡང་དག་དོན་ལྡན་བསྙེན་བསྲིང་མེད།། བདེན་པའི་དོན་འཆར་འཛིན་རྟོག་མེད།།
92b6 རང་བྱུང་རང་ཤར་བྱ་བཙལ་མེད།། ཐར་པའི་གནས་རཱིས་སྤང་ལེན་མེད།། དབྱིངས་ཀྱི་བདེ་གདལ་ཕྱོགས་རིས་མེད།། རྟོགས་ན་བཅོས་མེད་སྙིང་པོ་རྟོགས།། སྔོན་ན་རང་བྱུང་འབྲས་བུ་སྟོན།། ཐོབ་ན་རྣམ་དག་བཅོས་མེད་ཐོབ།། ཉི་མ་ཤར་བས་མུན
92b7 པ་སངས།། རྒྱུད་འདི་ཐོས་པས་འཛིན་རྟོག་ནུབ།། ལུང་འདི་བྱུང་བས་འཛིན་ཏོག་བྲོས།། སྟོང་གསུམ་མ་ལུས་གཡུལ་ངོར་དེད།། ཁམས་གསུམ་མ་ལུས་ཚར་ལ་བཏོན།། སྲིད་གསུམ་མ་ལུས་ཐོ་ལེས་བཏབ།། འཛི་ན་ཏོག་གཉིས་ནི་འཆོར་མེད་བཟུང་།། ཆགས
iiif viewer powered by OpenSeadragon
92a - 93a