| | e-texts navigator
|
91a1 གཅིག་ཏུ་མ་ས་ཀུན་ལ་ཁྲག།། དང་པོ་བསྡད་པའི་རྒྱ་མེད་པས།། ཐ་མ་འཆི་བར་འཕོ་བ་མེད།། དེ་ལྟར་དངོས་པོ་རྫས་མེད་པས།། བརྟགས་པས་ཆགས་ཤང་གཟུང་དུ་མེད།། འཁང་པ་སྐ་མའི་རྫས་འདྲ་བས།། བདེ་སྔུག
91a2 བཟང་ངན་དོན་ལ་མེད།། མཽ་རྟག་སྡུག་བསྔལ་རྨི་ལམ་འདྲ།། གང་ལ་བརྟགས་ཀྱང་དེ་ལ་འཁྲུལ།། བརྟགས་པས་ཆོས་ནི་གཅིག་ཀྱང་མེད།། མེད་པ་མ་ཡིན་རིག་པ་ཙམ།། ནི་རྒྱ་མཚོ་ཉིད་ཀྱི་རྒྱུན།། སངས་རྒྱས་རྟོགས་པ་ཉིད་ལས
91a3 འབྱུང་།། ཆོས་ནི་བཅོས་པ་མེད་པའི་ཆོས།། རྟགས་ནི་མ་འདྲེས་གསལ་བྱའི་རྟགས།། དོན་ནི་འགྱུར་བ་མེད་པའི་དོན།། དེ་ལྟར་ཟབ་པ་སངས་རྒྱས་ཞེས།། ཡེ་ནས་ཆེ་བ་ཡིན་ཞེས་བཤད།། རྡོལ་འབྱོར་འདི་རྟོགས་བཅོམ་ལྡན་འདས།
91a4 ཤེས་པར་གྱིས་ལ་དེ་ལ་ཞོག། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། རྣལ་འབྱོར་སྐྱེས་བུ་གང་འདོད་པ།། སངས་རྒྱས་ཆེ་བ་རྟོགས་འདོད་ན།། ལེའུ་འདི་ལས་བཙལ་བར་བྱ།། སངས་རྒྱས་ཡེ་ནས་ཆེ་བའི་ལེའུ་སྟེ་བཅུ་བཞི་པའོ།།
91a5 དེ་ནས་ཡང་སེམས་ཅན་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་མེད་པའི་ཕ་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། སེམས་ཅན་ཡེ་ནས་ཆེ་བ་ཡིས།། དོན་ནི་བསྟེན་པ་འདི་ཡིན་ནོ།། འབྱུང་བའི་རྟགས་སུ་ནམ
91a6 མཁའ་ཆེ།། སངས་རྒྱས་རྟགས་སུ་སེམས་ཅན་ཆེ།། ཆོས་ཉིད་རྟགས་སུ་ཆོས་ཅན་ཆེ།། སངས་རྒྱས་ཐམས་ཅད་བསྐྱེད་པས་ནི།། དེ་ཕྱིར་སེམས་ཅན་སངས་རྒྱས་ཡུམ།། སངས་རྒྱས་ཐམས་ཅད་འབྱུང་བས་ན།། དེ་ཕྱིར་སེམས་ཅན
91a7 སངས་རྒྱས་ཡབ།། སྔ་རབས་འདས་པའི་སངས་རྒྱས་ནི།། སྔ་རབས་འདས་པའི་སེམས་ཅན་ཡིན།། སངས་རྒྱས་པས་ཀྱང་སེམས་ཅན་ཚེ།། ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་།། ད་ལྟར་བཞུགས་པའི་སེམས་ཅན་ཡིན།། སླད་ཀྱིས
iiif viewer powered by OpenSeadragon
90b - 91b