e-texts navigator
Collection
Volume
Page
Wylie

90a1 ལྔས་བཙལ་བར་བྱ།། ཡོན་ཏན་གྱི་རྒྱུ་ཡི་ནས་ཆེ་བའི་ལེཊ་སྟེ་བཅུ་གསུམ་པའོ།། ། དེ་ནས་སངས་རྒྱས་ཡོནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་ཡ་ནས་རྫ་བ་ནི།། འཁོར་བ་སངས
90a2 པས་བདེ་ཆེན་ཅེས།། སྣང་སྲིད་སྤངས་པས་བདེ་ཆེན་རྒྱས།། མི་རིག་སངས་པས་ཡང་དག་རྒྱས།། གཏི་མུག་སངས་པས་ཤེས་རབ་རྒྱས།། དེ་ཡང་བཙལ་བ་མ་ཡིན་ཏེ།། རྟོགས་པ་ཉིད་ཀྱི་ཀློང་ན་སངས།། རིག་པ་ཉིད་ཀྱི་ཀློང་ན་རྒྱས།
90a3 སངས་རྒྱས་ཡེ་ནུས་ཆེ་བའོ།། འདི་ཡི་གོང་ན་སངས་རྒས་མེད།། ཕུང་པོ་ལྔནི་རིགས་ལྔའི་ང་།། རིགས་ལྔའི་སྤངས་རྒྱས་ཡེ་ཤེས་སྟོང་།། སྦྲུལ་པ་ཆེན་པ་བཙལ་མེད་པས།། སངས་རྒྱས་མྀ་ནས་ཆེ་བ་ཡིན།། འབྱུང་མྦྷ་བ་ལམ་ལྡན
90a4 དང་།། ཡུམ་ཆེན་ལྔ་པོ་འབྱུང་ལྔའི་ངང་།། ཆོས་དབྱིངས་ཆེན་པོ་འབྱུང་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། རྣམ་པར་ཤེས་པ་སེམས་དཔའི་ངང་།། སེམས་དཔའ་ཆེན་པོ་སྤྲུལ་པའི་ཀློང་།། སྐལ་པ་ཆེན་པོ་བཙལ་མེད་པས།
90a5 སངས་རྒྱས་ཡེ་ནས་ཆེ་བ་ཡིན།། ཡུལ་གྱི་རྣམ་པ་སེམས་མའི་ངང་།། འཁོར་གྱི་སེམས་མ་ཁྱབ་པའི་ཀློང་། གྲུབ་པ་ཆེན་པོ་བརྟུལ་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། ཡན་ལག་ཁྲོ་བ་ཁྲོ་མའི་ངང་། ཁྲོ་བྲི་ཁྲོ་མོ་རོལ་པའི་ཀློང་།། རོལ་པ
90a6 ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡི་ནས་ཆེ་བ་ཡིན།། འཇིག་རྟེན་དྲུག་པོ་ཐུབ་པའི་དང་། ཐུབ་པ་ཆེན་པོ་འདུལ་བའི་ཀློང་།། འདུལ་བ་ཆེན་པོ་བཙལ་མེད་པས།། སངས་རྒྱས་ལེ་ནས་ཆ་བ་ཡིན།། དབྱིངས་དང་རིག་པ་བཟང་མོ་དང་།།
90a7 སན་བཟང་ཡབ་ཡུམ་གནས་པའི་སློང་།། གནས་པ་ཅན་པ་བཙལ་མེད་པས།། སངས་རྒྱས་ཡེནས་ཆེ་བ་ཡིན།། སངས་རྒྱས་ཡེ་ནས་གནས་པ་ཡིན།། འདི་མ་གོང་ནསངས་རྒྱས་མེད།། གང་ཞིག་མཚ་མའི་ནག་འཛིན་ལ།། གྲངས་ཀྱ་།




iiif viewer powered by OpenSeadragon

89b - 90b

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud