| | e-texts navigator
|
8a1 སེམས་དཔའ་བློད་མན་པ་རྣམས་ལ་ཡང་བྱིན་གྱིས་བརླབ་བོ།། ཞེས་བཀའ་སྩལ་པས། རྔ་རྫ་མ་ངྒ་ཀུན་ཏུ་བཟུང་མས་རིག་ལྔའི་སངས་རྒྱས་ཀྱིས་བསྐུལ་བ་ཐུགས་སུ་ཆུད་ནུས། འཁོར་མང་པོ་རྣམས་སྣང་དུ་ཆུང་བར་བྱིན་གྱི
8a2 བརླབ་པར་མཛད་ནས་སྨོན་པའི་ཞལ་དུ་བལྟས་ནས་གནས་སོ།། དེ་ནུས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྦལ་ཏོ།། རྡོ་རྗེ་ཡིན་ཀུན་ཏུ་བཟང་པོ་མེ་ལྕོགས་པ་འདུས
8a3 པའི་འཁོར་རྣམས་ཉོན་ཅིག། བྱང་ཆུབ་སེམས་ཞེས་བྱ་ནི།། བརྗོད་དང་སྦབམ་ཡུལ་ལས་འདས།། དོན་དམ་གྲིན་རྡོརྫོབ་ན་མི་དང་།། རང་གི་ལུས་དྲག་ཡིད་རྡོ་།། གཅིག་གིས་གཉིས་ཀྱི་འང་ལས་བྱེད་པ།། ལུས་དང་གི་ཡིད་མ་གྲུབ་པ།། རིག་པ།
8a4 སྐྱེས་བུ་དེ་ཡིས་ནི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཡིན།། ཞེས་གསུངས་སོ།། དེ་ནས་འཁོར་འདུས་པ་རྣམས་ལ་རང་རང་གི་ལུས་དགྲ་ཡིད་གསུམ་ལ་སེམས་ནས་འཁོད་དོ།། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་བ་བཏབ་པ།། ཨེ་མེའོ་བདེ་གཤེགས
8a5 བཅོམ་ལྡན་འདས།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། རྟོག་པར་དཀའ་བའི་སྙིང་པོའི་དོན།། རབ་ཏུ་མི་ཏོག་གནས་མེད་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མི་བརྗོད་པས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མདོ་གཟུང་འཛིན་རྣམ་སྤངས་པ།
8a6 དང་ཡི་གེའི་སྤྱོད་ཡུལ་མིན།། ཆོས་བདག་མེད་པའི་མཉམ་ཉིད།། རང་སེམས་གཟོད་ནས་མ་སྐྱེས་པའོ།། ཞེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་སྣང་མཛད་སེམས་དཔས་ཀྱང་། རང་གི་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ཨེ་མའོ
8a7 ཆོས་ཀུན་སྟོང་པའི་བདག། རང་གི་ངོ་བོ་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་སྣ་ཚོགས་པའི།། ཆོས་རྣམས་ཀུན་ལ་ཁྱབ་པར་གནས།། ཞེས་གསུངས་སོ།། དེ་ནིས་བཅོམ་ལྡན་འདས་རིན་ཆེན་སེམས་དཔས་ཡང་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།།
iiif viewer powered by OpenSeadragon
7b - 8b