| | e-texts navigator
|
89b1 བརྟག་པར་དཀའ།། རང་སེམས་གདོང་ནས་མ་སྐྱེས་ན།། འཕྲོ་ཞིང་འགྱུར་བའི་གནས་ཀྱང་མེད།། བཙལ་ཞིང་བསྲུབ་པའི་ས་ཡང་མེད།། མེད་པའང་མ་ཡིན་འགྱུར་མེད་སྨྲ།། འདུ་འབྲལ་མེད་པའི་དབྱིངས་ཉིད་ལ།། བཟང་ངན
89b2 སྤང་ལེན་དྷ་མ་རྟོག་མེད།། དབྱེར་མེད་ཆེ་ཆུང་རིམ་པ་མེད།། སྐྱེ་ཤི་གཉིས་ཀྱི་མཚན་མ་མེད།། མེད་པའང་མ་ཡིན་ཁྱབ་པའི་སྐུ།། མི་འབྱེད་མཉམ་པའི་སྤྱོད་པ་ལ།། རང་སྣང་ཐབས་ཀྱི་རྒྱལ་པོར་རོལ།། འདུས་མ་བྱས་པའི་ཀློང
89b3 བཅོས་པ་མེད་པའི་ཡེ་ཤེས་ཤར།། འཛིན་རྟོག་མེད་པའི་ཆོས་ཉིད་ལ།། བཙལ་བ་མེད་པའི་ཆོས་ཉིད་གནས།། གནས་ཙམ་ཉིད་ན་རྟོག་པ་མེད།། རྟོག་མེད་ཆད་མེད་བདེ་བའོ།། འགྱུར་མེད་བཙལ་མེད་རང་བྱུང་གནས།། ང་མེད
89b4 བདག་མེད་ཕྱོགས་རེས་མེད།། ཆེ་ཆུང་མེད་པ་གསལ་བའི་མཁའ།། བཟང་མེད་དྲན་མེད་ཀུན་བཟང་ཆེ།། མཱ་བསྟོད་ཇི་བཞིན་དབྱིངས་ན་གདལ།། མ་བསྐྱེད་རྫོགས་པ་རྫོགས་ཆེན་དང་།། བུ་བྲལ་མེད་པས་འདུས་མ་བྱས།། སྨོན
89b5 མེད་པས་རང་ལ་རྫོགས། ཁམས་གསུམ་སྟོད་བཅུད་མ་ལུས་ཀུན།། བདེ་བ་ཆེན་པོ་ཉིད་ཀྱི་རྒྱུན།། ཡོན་ཏན་ཆེན་པོའི་ཞིང་ཁམས་ལ།། མ་ལུས་པར་ཡང་སངས་རྒྱས་སོ།། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། རང་བྱང་དག་པའི
89b6 དབྱིངས་ཉིད་ལྟ།། རྣམ་དག་ཀློད་དུ་སངས་རྒྱས་པས།། ཡོན་ཏན་ཆེན་པོ་རྣམས་ལ་གསལ།། བཙལ་དང་བཅས་པས་མི་འགྲུབ་སྟེ།། མ་བཙལ་བཞག་པས་གསལ་བར་འགྲུག། སྒོ་བཏགས་མཚན་མའི་སྐྱོན་རྣམས་སྤང་།།
89b7 ཐམས་ཅད་ཡངས་སུ་བདེ་གདལ་ནི།། ཡན་ཏན་ཆུང་བ་གང་ཡང་མེད།། ཐམས་ཅད་ཀུན་བཟང་ཡོན་ཏན་ལ།། སྐྱོན་དུ་བྱ་བ་གང་ཡང་མེད།། ཤིན་ཏུ་རྣལ་འབྱོར་གང་འདོད་པས།། ཡོན་ཏན་ཏུ་ཆེ་རྟོགས་འདོད་ན།། ལ
iiif viewer powered by OpenSeadragon
89a - 90a