| | e-texts navigator
|
88b1 ཉོན་མོངས་ཡེ་ཤེས་ལྷུར་སྣང་ན།། སྟོན་གྱི་རྒྱུ་ལས་ཆབ་མེད།། སྐྱོན་གྱི་རྒྱུན་རྟག་ཆད་གཉིས།། རྟག་ཆད་དབྱིངས་དང་ཡེ་ཤེས་ན།། སྔོན་གྱི་རྒྱུ་ལས་ཆེ་བ་མེད།། སྒྲ་དང་ཡེ་ཤེས་བཤད་པ་ཡང་། སྔོན་གྱི་རྒྱུ་ལས་མ་གཏོགས་པ།།
88b2 གཞན་ནས་བཤད་པ་ཅི་ཡང་མེད།། ཡང་དག་ངེས་པའི་དོན་བསྟན་པ།། འོད་མེད་འགྲོ་མེད་འཕོ་མེད་པ།། སངས་རྒྱས་བྱང་ཆུབ་དེ་ལ་ཡོད།། བཅོས་མེད་མ་བཅོས་པ་མེད་པས།། ཡེ་ཤེས་ཆོས་ཉིད་དེ་ལ་ཡོད།། མ་བསླད་མ་བཙལ་མཉམ
88b3 པར་བཞག། མཉམ་པའི་ཡེ་ཤེས་དེ་ལ་ཡོད།། དག་པའི་རྒྱུ་སྟེ་སྔོན་ནས་གསལ།། གྲུབ་པའི་མཐའ་སྟེ་ནང་ནས་ཤེས།། ཐར་པའི་ལམ་སྟེ་གཞི་ལ་བཞག། མཁྱེན་པའི་རྒྱུ་སྟེ་སེམས་ལ་སྦྲང་།། གཟའ་གཏད་ལམ་ནི་ཐིག་ལེར
88b4 བཅའ།། ཀུན་ཏུ་བཟང་པོ་བཅོམ་ལྡན་འདས།། ཤེས་པར་གྱིས་ལ་སེམས་ལ་ཞོག། སྐྱོན་རྒྱུ་ཡེ་ནས་ཆེ་བའོ།། རྣལ་འབྱོར་གཞུང་མཐུན་གང་ཡོད་པ།། སྐྱོན་རྒྱ་ཆེབ་རྟོགས་འདོད་ནི།། ལེའུ་འདི་ལས་བཙལ་བར་བྱ། སྐྱོན་གྱི་རྒྱུ
88b5 ཡེ་ནུས་ཆེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་ཡོན་ཏན་གྱི་རྒྱུ་ཡི་ནས་ཆེ་བ་འདི་སྐད་རྗེས་བཀའ་སྩལ་ཏོ།། ཡོན་ཏན་ཆེན་པོའི་རང་བཞིན་ལ།། དག་པ་ཉིད་དུ་འདི་ལྟར་བཤད།། སངས་རྒྱས་ཀུན་གྱི་ཡོན་ཏན་ནོ།།
88b6 ང་ཡི་སེམས་ལས་བྱུང་བ་སྟེ།། ང་ཡི་སྒྲ་ནི་མི་འགྱུར་བའོ།། ང་ཡི་གསུང་ནི་མ་བཙས་པའོ།། ང་ཡི་ཐུགས་ནི་མ་གཡོས་པའོ།། ང་ཡི་མཛད་པ་ཁྱད་པར་ཆེ།། ང་ཡི་རོལ་པ་ཐབས་ལ་མཁས།། ང་ཡི་བྱིན་རླབས་འདུས་མ་བྱས།།
88b7 ང་ཡི་མཐུ་སྟོབས་འཛིན་རྟོག་བཅོམ།། ང་ལ་ང་ཞེས་བྱ་བ་མེད།། ར་མེད་བདག་མེད་ཕྱོགས་མེད་པ།། འཛིན་རྟོག་མེད་པའི་ཤེས་རབ་གདལ།། རྟག་ཆད་མེད་པའི་ཡེ་ཤེས་ཤར།། ཡོན་ཏན་ཡེ་ནས་ཆེ་བ་ཡིས།། འདི་ཡི་གོང་ནས
iiif viewer powered by OpenSeadragon
88a - 89a