e-texts navigator
Collection
Volume
Page
Wylie

87b1 རབ་ཆེན་པོས་སྐད་ཅིག་ལ།། ཆོས་རྣམས་ཁོང་དུ་ཆུད་པར་བྱེད།། སྐྱེ་བ་མེད་པས་འགག་པ་མེད།། དམིགས་པ་མེད་པས་སྨོས་པ་མེད།། འདུས་མ་བྱས་པས་རྣམ་དག་དབྱིངས།། རང་བཞིན་མེད་པས་བརྗོད་དང་བྲལ།། ཀུན་ལ
87b2 ཁྱབ་པས་ཡབ་ཀྱི་དང་།། ཐམས་ཅད་བསྐུད་པས་ཡུམ་གྱི་དབྱིངས།། བརྗོད་པ་མེད་པའི་ཤེས་རབ་ལ།། དམིགས་པ་མེད་པའི་ཏིང་འཛིན་གསལ།། ཀུན་གཞི་ཡུམ་གྱི་ཤེས་རབ་ལ།། རང་བྱུང་ཐབས་ཀྱི་ཡེ་ཤེས་ཤར།། འདུས
87b3 མ་བྱས་པའི་ཀློང་དཀྱིལ་ནས།། སེམས་ཀྱི་རྒྱལ་པོ་ཡེ་ཤེས་འཕྲོ།། སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས།། ཤེས་རབ་མིག་གཅིག་གསལ་བ་ནི།། ཡོངས་ལ་དབང་བསྒྱུར་རྒྱལ་པོ་སྟེ།། ཐམས་ཅད་རོལ་པའི་དབང་ཕྱུག་སྟེ།། མཱ་འགགས
87b4 པས་ཀྱང་ཡེ་ཤེས་གསལ།། དེས་ན་དུག་རྣམས་ཀུན་སེལ་པ།། ནད་དོ་ཅོག་དང་བྲལ་བ་ནི།། བདུད་རྩིའི་རང་བཞིན་དཀྱིལ་འཁོར་གསལ།། དབང་པོ་ཡུམ་གྱི་ཤེས་རབ་ལ།། ཐབས་ཀྱི་ཞགས་པས་འབྲེལ་པ་སྐྱོང་།། འབྱུང་བའི་རྒྱལ
87b5 པོ་གདོད་ནས་དག། དུས་གསུམ་བདེ་གཤེགས་བསྐྱེད་པ་ཡིས།། ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན།། མི་སྐྱེ་མི་འགག་གདལ་བ་ལ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། དགྲ་གོ་ཤེས་རབ་ཆེན་པོའི་དབྱིངས།། འཛིན་དང་བྲལ
87b6 ལོ་ཆགས་པ་མེད།། རྟོག་པ་མེད་པས་སྐྱབས་མ་འདས།། བརྗོད་པ་མེད་པས་ནམ་མཁའི་ཚུལ།། རང་བཞིན་མེད་པས་ཆོས་ཀྱི་དབྱིངས།། ཕྱོགས་བཅུར་རྒྱ་ཡང་མ་ཆད་པའོ།། ཕྱི་ནང་མེད་པར་ཀུན་ཏུ་སྣང་།། དྲུག་ལ་དྲི་མ་མེད་པའོ།།
87b7 སྣང་ལ་རང་བཞིན་མེད་པའོ།། ཆུ་བླ་གླུ་མི་སྨིག་རྒྱུ་བཞིན།། མེད་པ་ཟང་ཐལ་མ་ཡིན་ལ།། ཡོད་པ་ཡང་ནི་མ་ཡིན་ནོ།། ཡོད་མེད་གཉིས་ལས་འདས་པ་ཡིས།། རང་བཞིན་མེད་པ་ཡིད་ལ་དྲན།། ཤེས་རབ་ཆེན་པོའི་རྟོག་པས་བཏགས།།




iiif viewer powered by OpenSeadragon

87a - 88a

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud