| | e-texts navigator
|
84b1 ཡང་སྡུགསུང་ཐུགས་ཡོན་ལས།། དེ་དག་ཀྱང་ནི་སེམས་ཡིན་ཏེ།། སྐུ་ཡ་སིལ་འཁོར་བས་མ་ཡས་ཀྱང་།། ཆོས་ཉི་བྱང་ཆུབ་སེམས་ལ་ཡོད།། གསུང་གི་དཀྱིལ་འཁོར་ཡང་དག་པ།། ཆུས་ཉིད་བྱང་ཆུབ་སེམས་ལ་ཡང་།། ཐགྶ
84b2 གྱི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། ཡིན་ཏན་དཀྱིལ་འཁོར་ཡོངས་རྫོགས་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། ཕྲིན་ལས་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།།
84b3 དེ་ཡི་མཚན་ཉིད་གཏན་ཚིགས་གང་ཤེས་པས།། ཡང་དག་ངེས་པར་མཉན་པར་གྱིས།། སེམས་ཀྱི་རང་བཞིན་སྐྱེ་བ་མེད།། སེམས་ཀྱི་རང་བཞིན་དངོས་པོ་མེད།། སེམས་ཀྱི་འབྲས་བུ་མ་བཅོས་པ།། སེམས་ཀྱི་སྐུ་ནི་སངས་རྒྱས་ལ།།
84b4 སེམས་ཀྱི་གསུང་ནི་བརྟགས་པ་ཡིན།། སེམས་ཀྱི་ཐུགས་ནི་གོ་བ་སྟེ།། སེམས་ཀྱི་ལས་ནི་ལྷན་གྲུབ་པའོ།། དེར་ཡང་མི་འགྱུར་རྡོ་རྗེ་སྟེ།། འཕགས་པའི་འཕགས་པ་རྡོ་རྗེའི་སྐུ།། སྒྲ་ཡི་རྡོ་རྗེ་འརྗིད་པའི་སྐུ།། གསུང་གི་རྡོ་རྗེ
84b5 བརྟན་པ་ཆེ།། ཐུགས་ཀྱི་རྡོ་རྗེ་འཛིན་པ་ཆེ།། ཡོན་ཏན་རྡོ་རྗེ་ལེགས་པ་རྗེ།། ཕྲིན་ལས་རྡོ་རྗེ་གྲུབ་པོ་ཆེ།། དེ་ཡི་གོང་ན་སངས་རྒྱས་མེད།། རྣོ་བ་འདི་ལ་སུ་གནས་པ།། རྣལ་འབྱོར་དེ་ནི་སྐལ་བ་བཟང་།། བཟང་བ་མ་ཡིན་དེ་ཉིད་ཡིན།། ངེས་པའི
84b6 སངས་རྒྱས་གཅིག་ལས་མེད།། དོན་ལ་ངེས་པའི་ས་ངག་ལ།། སེམས་ཀྱི་མཚན་ཉིད་ཅི་འདྲ་བ།། དེ་ལ་བཅོས་པ་མེད་པར་ཞོག། དེ་ཡི་གོང་ན་ཆེ་བ་མེད།། ཡང་དག་ངེས་པ་དེ་ལ་བཞག། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་ཡེ་ནས་ཆེ་བའི
84b7 ལེའུ་སྟེ་དྲུག་པའོ།། ། དེ་ནས་སྐྱོན་དང་ཡོན་ཏན་ཡཻ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣམ་པར་དག་པའི་སྤྱོད་ཡུལ་ལ།། སྐྱོན་དང་ཡོན་ཏན་གཉིས་མེད་ལ།། སྐྱོན་ཉིད་དག་པར་མ་རྟོགས་ན།། ཡོན་ཏན་དག་པ་གང་ནས་སེཾ
iiif viewer powered by OpenSeadragon
84a - 85a