e-texts navigator
Collection
Volume
Page
Wylie

84a1 མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བ་རྟོགས་པ་ཡིན།། ཀུན་ཏུ་བཟང་པོ་བདག་ལ་འདྲི།། སངས་རྒྱས་བསྟན་པ་བདག་ལ་མཛད།། བྱང་ཆུབ་དམ་པ་འདིར་བསྟན་པས།། གདོད་ཅིག་འཁོར་བ་བསྐྱང་དུ་མེད།།
84a2 འཛིན་རྟོག་ཉོན་མོངས་བྲེང་ཐག་བཅད།། མ་རིག་རྨོངས་པ་སྨོས་ཅི་དགོས།། མན་ངག་རྒྱལ་པོ་འདི་བསྟན་པས།། ལྟ་བ་ངན་པའི་མིང་ཡང་མེད།། ཐམས་ཅད་ཀུན་ཏུ་བདག་ཡིན་པས།། སྐྲ་ཡི་རྒྱལ་པོ་དངོས་གྲུབ་འབྱིན།། མཐའ
84a3 དབུས་ཆེ་ཆུང་མེད་པར་ཐོབ།། གཟོད་ཅིག་སྔོན་གྱི་སངས་རྒྱས་ཡིན།། ཆོས་རྣམས་ཐམས་ཅད་ཁོང་ནས་ཤར།། འཕགས་པའི་འཕགས་པས་འཕགས་པར་བསྔགས།། ཕྱོགས་བཅུའི་སངས་རྒྱས་ཐུགས་ངན་སངས།། དེ་ཚེ་ལས་ཆུད
84a4 མ་ཟློས་ནཱ།། བདག་སེམས་ངལ་ཚིམ་ཆད་དོ།། སྐུ་ཡེ་ནས་ཆེ་བའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལྔས་ཡེ་ནས་ཚ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་སྟོང་གསུམ་སྟོང་གི་འཇིག་རྟེན་ན།
84a5 སྐུ་ཡི་དཀྱིལ་འཁོར་བསམ་ཡས་ཀྱང་།། ཧེ་རུ་ཀ་ནི་སྒོ་ཡི་མཆོག། དེ་ཡང་སྐལ་ལྡན་པ་ཡི་སྐུ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། གསུང་གི་སྐལ་པ་བསམ་ཡས་ཀྱང་།། ཡི་གེ་འབྲུ་བརྒྱ་གསུང་གི་མཆོག། དེ་ཡང་སྐལ་ལྡན
84a6 ང་ཡི་གསུང་།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་།། ཡེ་ཤེས་སེམས་དཔའི་ཐུགས་ཀྱི་མཆོག། དེ་ཡང་སྐལ་ལྡན་ང་ཡི་ཐུགས།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཡོན་ཏན་དཀྱིལ
84a7 འཁོར་བས་མ་ཡས་ཀྱང་།། རིན་ཆེན་ཟླར་བརྒྱད་ཡོན་ཏན་མཆོག། དེ་ཡང་སྐལ་ལྡནང་ཡི་ཡོན་ཏན་ཡིན།། སྟོང་གསུམ་སྟོང་གི་འཇིག་རྟེན་ནོ།། ཕྲིན་ལས་རྣམ་བཞི་བས་མ་ལས་ཀྱང་།། རྣམ་པ་ཞི་ཏེ་མགོ་ཕྲིན་ལས་མཆོད།། དེ་ཡང་སྐལ་ལྡན་ང་ཡི་ལས།། ག




iiif viewer powered by OpenSeadragon

83b - 84b

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud