e-texts navigator
Collection
Volume
Page
Wylie

83b1 བཞག། གཉིས་སུ་མེད་པའི་ཐབས་ཤེས་པས།། དྲི་ནི་ཆོས་སྐྲ་དང་བྲོའོ།། ཐམས་ཅད་འདུས་མ་བྱས་པའི་དང་།། མི་འགྱུར་མི་ཤིགས་རྡོ་རྗེ་སྟེ།། གཉེན་པོ་ཅིས་ཀྱང་མི་ཚུགས་པའི།། ཐམས་ཅད་ཀུན་ལྡན་པ་ཤེས་སུ།། རྡོ་རྗེའི་སྐུ་སྟེ་གཉིས
83b2 པའོ།། རིག་པ་རང་སྣང་དངོས་མེད་སྣང་།། ཉེས་པ་གང་གིས་མི་ཚུགས་པའི།། ལེགས་པའི་ཡེ་ཤེས་རང་སྣང་བའི།། མངོན་པར་བྱང་ཆུབ་སྒྲར་བསྟན་པའོ།། གཉིས་མེད་ཆོས་ལ་ལོངས་སྤྱོད་པའི།། མ་སྤངས་ཡེ་ཤེས་ལོངས་སྤྱོད་རྐྱེན།
83b3 ཐམས་ཅད་ཆེ་བའི་རོལ་པ་ལ།། ལོངས་སྤྱོད་རྫོགས་སྐུ་མཐར་ཕྱིན་པའོ།། གཉིས་མེད་ཡེ་ཤེས་སེམས་ཀྱི་སྤྲུལ་པ་ལ།། ཡོངས་སུ་མ་ཁྱབ་གཅིག་ཀྱང་མེད།། དོན་དམ་ཐབས་ཀྱིས་སྤྲུལ་པ་འཆར།། སྤྲུལ་པའི་སྒྲ་སྟེ་ཀུན་ཁྱབ་པའོ།། སྒྲ་ཡི
83b4 སྒྲ་སྟེ་ཀུན་འགྲུབ་པའོ།། སྐུ་ཡི་བདག་ཉིད་སྐྱེ་ཤི་མེད།། རོལ་པ་སངས་རྒྱས་ཉིད་ཀྱིས་བརྒྱན།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། འཕོ་འགྱུར་མེད་པ་སྒྲ་ཡི་མཆོག། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། རང་བཞིན་མེད་པ་སྒྲ་ཡི་མཆོག
83b5 སྤྲིང་གསུམ་སྟོང་གི་འཇིག་རྟེན་ན།། རྟག་ཚད་མེད་པ་སྐུ་ཡཱི་མཆོག། སྐུ་མཆོག་དྲི་མ་མེད་པ་ལ།། སེམས་ཀྱི་དྲི་མ་མཐར་ཕྱིན་པའི།། རིག་པ་བློ་ཡི་བརྟུལ་ཞུགས་ཀྱིས།། སྟོང་གསུམ་སྐུ་ཡི་དབང་དུ་འདུས།། དབང་དུ་མ་གྱུར་གང་ཡང་མེད།
83b6 མི་གཡོ་བྱང་ཆུབ་མཆོག་གི་ཆ།། རྣམ་པར་སྣང་མཛད་ང་ཡི་ལུས།། ཟློ་བ་དྲི་མེད་དག་པ་ཡིས།། སྤྱོད་གསུམ་ཀུན་སྡང་ཁྱབ་པའི་དབྱིངས།། ཡབ་ལ་ཐུག་པ་མེད་བཞིན་དུ།། ཤེས་རབ་ཐབས་ལ་དེ་བཞིན་སྣར།། མན་ངག་རྒྱ་མཚོ་ཆེན་པོ་འ
83b7 ཡོངས་ལ་བསྟན་པའི་ཤེས་རབ་སྟེ།། ཆོས་སྡེ་བདག་པོས་ཀུན་བཅོམ་སྟེ།། དཀྱིལ་འཁོར་འཕྲོ་འདུ་ཉོན་རེ་མོངས།། ཡོངས་ལ་ཤར་བའི་དོན་འབྱུང་ན།། རྟོག་པ་ཀློང་བསྒོམ་སྙིང་དེ་རྗེ།། མཁའ་ལྟར་མཉམ་པ་ཉིད་ལ་གནས།། རང་སེམས




iiif viewer powered by OpenSeadragon

83a - 84a

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud