e-texts navigator
Collection
Volume
Page
Wylie

82b1 བསྟན།། སྟོང་པའི་དོན་རྟོགས་འབྱུང་བ་ལ།། ངེས་པའི་རིག་པས་གསལ་བཏབ་ནས།། ཐབས་དང་ལྡན་པའི་བྱིན་རླབས་ཀྱིས།། འདི་དག་འབྱུང་བར་སྟོན་པར་ཟུང་།། དོན་ལ་དེ་ལྟར་བསྟན་པ་མེད།། རྟགས་པའི་ཆེ་བ་ཆེན་པོ་ལས།། མརྟོགྶ།
82b2 འབྱུང་བའི་ལས་བྱེད་ན།། ཆེ་བའི་ཡེ་ཤེས་ཡོད་མ་ཡིན།། ཆེ་བའི་ཆེ་བར་བདག་སྣང་ན།། ཆེ་མཆོག་ཐབས་ཀྱི་རྒྱལ་པོར་སྣང་།། ཐམས་ཅད་འབྱུང་བ་ལྔ་ཡིས་བསྐྱེད།། འབྱུང་བ་ཆེན་པོའི་དོན་རྟོགས་ན།། ཐམས་ཅད་ཆེ་བའི་རྒྱལ་པོར
82b3 འགྲུབ།། ཆེ་བའི་རྫུ་འཕྲུལ་ཅིར་ཡང་སྟོན།། བདག་ཉིད་ཐབས་ཀྱི་བྱིན་རླབས་ལས།། འཕྲུལ་པ་ལྔ་ཡི་ཆོ་འཕྲུལ་གྱིས།། མ་རིག་རྟག་པའི་ལིང་ཏོག་བསལ།། ང་དང་བདག་ཏུ་བྱེད་པ་བཅོམ།། ཕྱོགས་དང་རིས་སུ་བལྟ་བ་བསལ།།
82b4 མཚན་མའི་འཛིན་རྟོག་གནས་པ་བཀྲོལ།། ཡང་གསང་ངེས་པའི་ལམ་དུ་བཞག། ཐར་པའི་ལམ་ཞེས་དེ་ལ་གསུངས།། གང་ཞིག་མ་སྐྱེས་དོན་འདོད་པས།། འབྱུང་བ་ཡེ་ནས་ཆེ་བའི་ཆེ་བ་འདི་ལས་བཙལ་བར་བྱ། འབྱུང་བ་ཡེ་ནས་ཆེ་བའི་ལེའུ
82b5 སྐྱེ་གསུམ་པའོ།། ། དེ་ནས་ཡེ་ཤེས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡེ་ཤེས་རྒྱལ་པོ་གང་འདོད་པས།། རང་གིས་སེམས་ལས་བཙལ་བ་བྱ།། འགྲོ་ཀུན་བྷ་མེད་བྱང་ཆུབ་ལ།། རྟོགས་པའི་རྒྱུད་ལ་རང་རེག་པས།།
82b6 དེ་ནི་ཡེ་ཤེས་ཆེ་བའོ།། སྟོང་གསུམ་ཡེ་འབྱམས་དོན་ཤེས་ཤིང་།། གདལ་བ་ཆེན་པོར་ཕྱོགས་མེད་ན།། ཡེ་ཤེས་ཆེ་བའི་དམ་པ་སྟེ།། བཟང་ངན་མེད་པར་དོན་ཤེས་ནི།། ཀུན་ཏུ་བཟང་པོར་དོན་ཤེས་ན།། ཆོས་ཉིད་ཡེ་ནས་མཾ་བཅོས་པའི།། དོན་དེ
82b7 ཤེས་ན་ཡེ་ཤེས་ཡིན།། ཡེ་ཤེས་དམ་པ་འཚོལ་འདོད་པས།། གང་ལའང་ཐེ་ཚོམ་མ་བསྐྱེད་པར།། རྟོགས་པའི་ཀློང་དུ་དོན་སྤྱོད་དང་།། རང་བྱུང་ཡེ་ཤེས་དེ་ལ་འཆང་།། མི་སྡོང་ཡེ་ཤེས་དེ་ལ་ཕྱི་ནང་མེད།། སྤུན་གྲུབ་ཡེ་ཤེས་ཕྱོགས་རིས་མེད།།




iiif viewer powered by OpenSeadragon

82a - 83a

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud