e-texts navigator
Collection
Volume
Page
Wylie

81b1 སེམས་པས་ཆོ་བ་ག་ན་ཡང་།། འཛིན་རྟོག་འདྲས་པའི་ཆོས་ཉིད་ནི།། སེམས་ཀྱི་ཆེབད་པ་ཡོད།། སྤང་ལེན་མེད་པའི་འབྲས་བུན།། སེམས་ཀྱི་ཆེ་བ་དེ་ལ་ཡོད།། སེམས་ཀྱི་ཆེ་བ་ཡེ་གནས་ལ།། འདི་ལ་རྒྷ་ཡིས་བཙལ་མེད་ན།། འདི
81b2 ལ་འབྲས་བུར་སྲུང་བ་མེད།། ནམ་མཁའ་བཞིན་དུ་ཡེ་གནས་ལ།། འཛིན་རྟོག་བཅོས་པའི་རྒྱུ་ཅི་ཡོད།། ཆོས་དང་སངས་རྒྱས་ཚོལ་འདོད་ན།། སེམས་ཀྱི་ཆེ་བ་འདི་ལ་བཙལ། སེམས་ཡེ་ནས་ཆེ་བའི་ཕྲེཉྫ་སྟེ་དང་མ།།
81b3 དེ་ནས་ཆོས་ཉིད་ཡི་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་བཟང་པོ་ང་ཡི་ཆོས།། རྒྱ་ཆེ་རོལ་པ་བསྲུན་པ་ནི།། ཅི་ལྟར་སྣང་བ་དེ་ཡི་ཆོས།། རང་བཞིན་མེད་པའི་སྔོན་རོལ་ན།། ཆོས་ཉིད་བྱ་བའི་མི་ཡང་མེད།། གང་ཟག་རྣལ
81b4 ས་ཡོངས་ད་ཐོས་ཐསས་ངག་བྱེ་མངས་ས་བཅལ་བག།། སྐྱེནས་ཀྱིང་མེད་འནཔ་པོ།། དུ་བཏིག་པ་གྱི་།། ཉིན་ཀྱ་བཐུབས་ས། ཡ་དག་ས་པ་མ་།
81b5 བར་མུ་མཐའ་མེད།། ཆོས་ཉིད་ཆེ་བར་བཟང་ངན་མེད།། ཆོས་ཉིད་ཆེ་བར་མཐའ་དབུས་མེད།། ཆོས་ཉིད་ཆེ་བར་ཕྱི་ནང་མེད།། ཆོས་ཉིད་ཆེ་བར་སྟེང་འོག་མེད།། ཆོས་ཉིད་ཆེ་བར་ཕྱོགས་རིས་མེད།། ཆོས་ཉིད་ཆེ་བར་སྲང་ལེན་མེད།།
81b6 ཆོས་ཉིད་རྒྱ་བར་ཡོང་བད་མེད།། མེ་པའང་མ་ཡིན་ཐུབ་པར་གང་ལ། ཁྱབ་པར་གདལ་ཡང་རྫས་སུ་མེད།། འདི་འདྲ་མཚན་ཉིད་གང་ཤེས་པ།། དེ་ནི་ཆོས་ཉིད་ཆེ་བ་སྟེ།། ཆོས་ཉིད་མེད་པའི་སྨན་རོལ་ན།། སངས་རྒྱས་སེམས་ཅད་པ
81b7 ཡང་མེད།། ཆོས་ཉིད་ཆེ་བའི་བྱིན་རླབས་ལས།། ཅི་ལྟར་སྣང་བ་དེ་ལྟར་སྣང་།། གང་ལྟར་སྣང་བ་དེ་ལྟར་ཡིན།། ཡང་དག་པར་ཡང་བཀའ་སྩལ་ཏེ།། དེ་དག་ལ་སོགས་ཆོས་རྣམས་ལ།། ཆོས་རྣམས་ལ་ཡང་ཆོས་སུ་མེད།།




iiif viewer powered by OpenSeadragon

81a - 82a

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud