e-texts navigator
Collection
Volume
Page
Wylie

81a1 འབྲས་བུར་སེམས་ཆེ་བས།། རྒྱལ་བས་ཐབས་སུ་སེམས་སུ་བསྔགས།། དུ་མེད་བདག་དང་བྲལ་བ་ཡིས།། ཀུན་གཞི་སེམས་ཀྱི་རྒྱལ་པོ་ལ།། ཐར་པའི་འབྲས་བུ་དོན་འཆར་བས།། འཕགས་ལ་ངེས་པ
81a2 སངས་རྒྱས་ཏེ།། བདག་ཉིད་ཆེན་པོ་རྒྱལ་བའི་བཀང་།། མི་དམིགས་པ་ལ་དམིགས་པ་མེད།། དམིགས་མེད་སེམས་ཀྱི་ངེས་པ་ལ།། ཡང་དག་གསང་མཛོད་གསུམ་དུ་བསྟན།། འབྱུང་བའི་བླམ་ཐམགྱི།། ཐམས་ཅད་འབྱུང་བའི་སྟོ
81a3 མཆོགན། སྣང་བ་ཀུན་ལ་རབ་གནས་པས།། དེ་ཉིད་ཐབས་ཀྱིས་ལོངས་སྤྱོད་དེ།། གྲང་བའང་ཆགས་པའི་རྒྱུ་མེད་པ།། འཛིན་ཆགས་མེད་པའི་ཡེ་ཤེས་ལ།། ཐབས་ཀྱིས་འབྲེལ་པ་ཐུགས་རྗེས་སྦྱོང་།། ཆོས་རྣམས་ཚེམས་ཅད་སེམས
81a4 ལས་བྱུང་།། སེམས་ཀྱི་བསྟན་པའི་ལུང་ལ་ཉོན།། ཕྱོགས་བཅུའི་སངས་རྒྱས་ང་ཡི་སེམས།། ཕྱི་ནང་སྣོད་བཅུ་དང་ཡི་སེམས།། ཁྱོགས་དང་སྣང་བར་ཡི་སེམས།། ཕྱི་དང་ནང་ཡང་ང་ཡི་སེ་མོས།། མཐོ་རིས་ངན་སོང་ང་ཡི་སེམས
81a5 སེམས་ཀྱི་སངས་རྒྱས་ཀུན་བཟང་ལ།། སྤྲུལ་པ་ཕྱོགས་བཅུའི་སངས་རྒྱས་སྟོང་།། ད་ལ་པས་བརྒྱན་རྒྱུ་མེད་ན།། འཛིན་རྟོག་ཆོས་ནི་སུ་ཡི་ཆོས།། བདག་པ་ཕྱོགས་དང་རིས་མེད་ན།། ཕྱི་དང་ནང་ནི་སུ་ཡི་ཆོས།། དེ་ལ་རྒྱུ་འབྲ་ས་ཡོངས་མེ
81a6 ན། རྟ་མཟང་དང་ངན་པ་སུ་ཡི་ཆོས།། བཅོས་པ་མེད་པའི་སེམས་ཉིད་ལ། ཁ་དོག་ལྔ་པོ་གང་ནས་བྱུང་།། བཟང་ངན་ཆེ་ཆུང་སུ་ལས་བྱུང་།། ཚོར་བ་བདེ་སྡུག་གང་གིས་སྨྲས།། ཕྱོགས་རིས་ས་མཚམས་སུ་ལ་ཡོད།། འཁྲུལ་པའི་སེམས
81a7 ཡོང་རེ་འཁྲུལ།། རྨོངས་པའི་བློ་དེ་ཡོད་དེ་སྔག།། རྟོག་པའི་བློ་དེ་ཡོད་དེ་ཉོན།། ཅི་ལྟར་སྣང་བའི་ཆོས་རྣམས་ལ།། བདག་གི་སེམས་ཀྱིས་དབང་བསྐྱེད་ན།། བདག་པས་དྲག་པ་གང་ན་ཡོད།། སངས་རྒྱས་ཐམས་ཅད་སེམས་ཡིན་ན།།




iiif viewer powered by OpenSeadragon

80b - 81b

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud