e-texts navigator
Collection
Volume
Page
Wylie

80a1 སྐྱེས་ཕྱུལ་པ་ཡིན།། ཆགས་པའི་བདེ་དང་ཉོན་མོངས་དྲགྲ།། གཉིས་སུ་མེད་དེ་རང་གི་སེམས།། སེམས་ཀྱིས་སེམས་ལ་དགྲ་མེད་ན།། བདག་ཉིད་སངས་རྒྱས་གཅིག་ཕུད་སྤྱད།། ཕན་པར
80a2 བར་ཆད་བདུད།། གཉིས་སུ་མེད་པའི་རྟོག་ལུས་འདས།། རིས་སུ་བཙལ་ཡང་མི་རྙེད་པས།། ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན།། ཀུན་ཏུ་བཟང་པོ་བྱང་ཆུབ་སེམས།། མི་འགྱུར་གད་ལ་བ་མེད་པས་ན།། མེ་ཡེངས་ཕྱོགས་མི
80a3 མེད་བསྲུངས་པ།། དམ་ཚིག་ཀུན་ཏུ་བཟང་པོ་ཡིན།། དེ་ནས་རང་བཞིན་ཀུན་ཏུ་བཟང་པོ་འདི་གསུངས་སོ།། སེམས་ཀྱི་ཆོས་ཉིད་རང་བཞིན་ལས།། མ་སྐྱེས་ཡེ་ནས་སངས་རྒྱས་ཏེ།། ཀུན་ལ་གདལ་ཞིང་སྣང་བ་འདི།། ཚུལ་འགྲོས་མ
80a4 ཅིང་བཅོས་མ་ཡིན།། བཟང་དང་ངན་པ་ཐམས་ཅད་དང་།། གཙང་སྨེ་ཆེ་ཆུང་ལ་སོགས་པ།། རང་བཞིན་དབྱེར་མེད་བྱང་ཆུབ་སེམས།། མཁས་པས་བཅོས་ཤིང་བཙལ་དུ་མེད།། སྐྱོན་དང་ཡོན་ཏན་དུག་དང་ཅི།། འཛིན་རྟོག་ཀྱིས་པའི
80a5 པ། རྔ་རང་བཞིན་ཡོངས་ཀྱིས་དངོས་པོ་མེད།། འདྲེན་བཞིན་ཆོས་རྣམས་རང་བཞིན་གནས།། ཀུན་གཞི་ཀུན་ཏུ་བཟང་པོ་ལ།། རྒྱུ་འབྲས་བདེ་སྡུག་བཅོལ་མི་རྙེད།། བཟང་ངན་ཚེ་ཆུང་གཙང་སྨེ་མེད།། རང་བཞིན་ཀུན་ཏུ་བཟང་པོ་ཡིན
80a6 བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་ཅེས་སོ་ཞིང་རྟོགས་པའི་དུས་གཅིག་ན། སྟོན་པ་ཀུན་ཏུ་བཟང་པོ་སེམས་ཀུན་ཏུ་བཟང་པོ་ལ་བཞུགས་ནས། དམ་ཆོས་ཀུན་ཏུ་བཟང་པོ
80a7 ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཆེ་བ་རང་ལ་གནས་པའི་རྒྱུད་འདི་བཀའ་སྩལ་ཏོ།། རྣལ་འབྱོར་གང་ཞིག་རྟོགས་འདོད་པས།། ཀུན་ཏུ་བཟང་པོའི་རྒྱུད་འདི་ཉོད།། དོན་རྟོགས་ལྡན་པའི་སྐྱེས་བུ་གང་།། འདི་དག་ཤེས་པར་སུ་འདོད་པ།། ངེས་པར




iiif viewer powered by OpenSeadragon

79b - 80b

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud