| | e-texts navigator
|
7b1 མཛད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས། ཏིང་ངེ་འཛིན་རིམ་པར་བཀོད་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་རང་གི་སྤྱན་ལས་ལངས་ཏེ། བཅོམ་ལྡན
7b2 འདས་གསང་བ་མཆོག་གི་བདག་པོས་གྱི་ནང་གི་མཆོད་པའི་སྤྲིན་ཐམས་ཅད་ཀྱིས་མངོན་པར་མཆོད་དེ། ལན་བརྒྱ་ཕྲག་སྟོང་དུ་བརྐྱང་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ།། ཨེ་མའོ་བདེ་གཤེགས་བཅོམ་ལྡན་འདས།། ཨེ་མོའོ
7b3 གསང་མཆོག་དགྱེས་པ་ཆེ།། ཨེ་མའོ་རྣམ་དག་དག་པའི་ལམ།། ངོ་མཚར་འབྱུང་བ་ཁྱོད་ལ་འདུད།། ཀྱེ་མ་སངས་རྒྱས་བཅོམ་ལྡན་འདས།། དཀྱིལ་འཁོར་རྣམས་ཀྱི་དེ་ཉིད་དོན།། བྱང་ཆུབ་སེམས་ཀྱི་མཆོད་ཉིད་དེ།། བདག་ཅག་རྣམས་ལ་བཤད
7b4 དུ་གསོལ།། དེ་ནས་གསང་བ་མཆོག་གི་བདག་པོས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། ཁྱོད་ཞུ་བར་སྤོབས་པ་ལེགས་སོ།། ལེགས་པར་ཞུས་སོ།། འདི་ནི་སྔོན་གྱི་རྒྱལ་བ་སངས་རྒྱས་ཐམས་ཅད
7b5 དང་། ད་ལྟ་དང་། ཕྱིས་འབྱུང་བའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས་པ་གསུང་བར་དཀའ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དེ་ནི་བརྗོད་དུ་ཡང་མེད་ལ། སྣོད་དུ་གྱུར་པ་ཡང་དཀོན་པའི་ཕྱིར་རོ། སེམས་དཔའ
7b6 ཆེན་པོ་དེ་བསན་ཁྱོད་ཀྱིས་དྲིས་ཤིག་ཅེས་བཀའ་སྩལ་ཏེ། ཅང་མ་གསུང་བར་བཞུགས་སོ།། དེ་ནུས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ།། སེམས་དཔའ་ཆེན་པོ་ཁྱོད་ཀདེ་བཞིན་གས
7b7 པའི་བཀའ་ཡིན་པས་ཞུ་བར་སྤོབས་པས་ན། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཐེ་ཚོམ་ཐམས་ཅད་གཅོད་པ་ལ་ཐེ་ཚོམ་དང་སོམ་ཉི་ཡང་དང་ཡང་དུ་ཞུས་ཤིག་དང་། དེ་བཞིན་གཤེགས་པ་ནི་སྣོད་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་ན། བྱང་ཆུབ
iiif viewer powered by OpenSeadragon
7a - 8a