e-texts navigator
Collection
Volume
Page
Wylie

7a1 དེ་ནས་ཡང་འབར་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་མེའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། པཱུ་རཱ་ག་ར་ཏི། འདི་ཕྱུང་མ་ཐུག་ཏུ་ཆོས་ཀྱི་དབྱིངས་ཕྱུག་མའི་སྐུ་གསུང་ཐུགས
7a2 སུ་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེང་ངོ་།། ཨེ་མཱའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་སྨིན་པའི་ངོ་བོ་ཉིད།། གསལ་དྲོའི་ངང་དུ་ཀུན་ཏུ་སྦྱོར།། སྨིན་པའི་ཚུལ་འདི་བརྟན་པའོ།། ཞེས་གསུངས
7a3 ཏེ། ཆོས་ཀྱི་སེམས་དཔའི་སྐུལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། དེ་ནས་ཡང་གཡོ་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྲུང་ང་གསུང་དང་ཐུགས་རྡོ་རྗེ་ལྡེས་རླུང་གི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ཏྲཱ~ཾ་བཛྲ་ར་ཏཱི། འདི་།
7a4 མ་ཐག་ཏུ་ལས་ཀྱི་དབྱིངས་ཕྱུག་མའི་སྐུ་དང་གསུང་དང་ཐུགས་སུ་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་གཡོ་བའི་བདག་ཉིད་དེ།། གཡོ་བའི་ངང་དུ་ཀུན
7a5 སྦྱོར་བས།། གཡོ་བའི་ཚུལ་འདི་བརྟན་པའོ།། ཞེས་གསུངས་སོ།། ནམ་མཁའ་ས་རྒྱ་མེ་དང་རླུང་།། ཅི་ལྟར་འདོད་བཞིན་བརྟན་བྱས་པར།། བསྲུབས་ན་ལས་རྣམས་ཐམས་ཅད་ཀྱང་།། ངེས་པ་ཉིད་དུ་འགྲུབ་པར་འགྱུར།། གཞན་ཡང་སེམས་དཔའ་སེམས་ས
7a6 དང་།། ཁྲོ་བོ་དང་ནི་ཁྲོ་མོ་དང་།། སྒོ་སྐྱོང་སྦྲུལ་སུ་ལ་ཕྱོགས་ཏེ།། བསམ་ཡས་ཇི་སྙེད་བཀོད་པ་རྣམས།། གཉིས་མེད་བདག་པོའི་བྱིན་རླབས་ལས།། སོ་སོ་རང་རིག་གསང་སྔགས་དང་།། ཐུགས་མཚན་དང་རྟགས་ཕྱག་རྒྱ་ལས།། སོ་སོ་ཡོངས
7a7 སུ་རྫོགས་པའི་སྐུ།། རང་རང་མཚན་ཉིད་ཡོངས་བརྗོད་ཅིང་།། རྡོ་རྗེ་གསང་བའི་གྲལ་འཁོད་དེ།། བསམ་ཡས་དག་ཀྱང་དེ་བཞིན་ནོ།། གནས་དག་དང་ནི་དཀྱིལ་འཁོར་དང་།། འགྲོ་རྣམས་བཀོད་པ་ཇི་ལྟ་བང་།། དེ་འདྲར་སྟོན་པ་མཆོག་གིས




iiif viewer powered by OpenSeadragon

6b - 7b

Texts on this page

Gdg008.1 - de bzhin gshegs pa thams cad kyi sku dang / gsung dang / thugs kyi gsang ba dur khrod khu byug rol pa'i rgyud ces bya ba theg pa chen po'i mdo