e-texts navigator
Collection
Volume
Page
Wylie

79b1 གཉིས་མེད་ཐབས་ཀྱིས་སྤྱད།། གང་ལ་རོལ་པས་ཡོན་ཏན་སྡང་།། མུ་རྐྱེན་རྟེན་འབྲེལ་ཡོད་མ་ཡིན།། ལོངས་སྤྱོད་ཡོན་ཏན་རྣམ་པ་ལྔ།། ཐབས་དང་ཤེས་རབ་ལ་སོགས་ཀྱང་།། སྨ་ན་སྐྱོན་མེད་རྟོགས་པགས་ལ།། མགུང་ན
79b2 ཡང་ཉེས་མེད་རྫོགས།། ཡོད་མེད་རྟག་ཆད་ཐམས་ཅད་ནི།། མ་སྐྱེས་རང་བཞིན་དང་ལས་མེད།། བདེ་དང་སྡུག་བསྔལ་གཉིས་འཛིན་པ།། ཐ་དད་མེད་དེ་བྱང་ཆུབ་སེམས།། མྱ་ངན་འདིས་དང་འཁོར་བའི་ཆོས།། སྨོན་དང་ན
79b3 ཏན་ཐམས་ཅད་ལ།། བཅིང་གྲོལ་མེད་པར་གང་སྤྱོད་པ།། སྤྱོད་པ་ཀུན་ཏུ་བཟང་པོའོ།། དེ་ནས་ཕྲིན་ལས་ཀུན་ཏུ་བཟང་པོ་གསུངས་པ།། ཀུན་རྫོབ་དངོས་པོར་སྣང་བ་ཡི།། སྣོད་བཅུད་རྫས་སུ་སྣ་རབ་ཀུན།། ཆོས་ཉིད་མེ་སྐྱེས་དང
79b4 བཞིན་ལ།། མིང་དང་ཚིག་ཏུ་བཏགས་པས་འགལ།། ཅིར་སྡོད་ཀུན་ཏུ་བཟང་པོ་ལ།། དེ་ཉིད་སེམས་ཀྱི་རོལ་པ་ཡིན།། ཅི་ལྟར་མཛད་པ་འགལ་བ་མེད།། ཕྲིན་ལས་བྷ་བཙལ་མེད་པའོ།། དགེ་བ་དང་ནི་སྡིག་པའི་ལས།། ཟོར་པའི
79b5 བྱེ་བྲག་ཐམས་ཅད་ལ།། སེམས་ཡིན་གཉིས་མེད་ལྷུན་གྲུབ་ལ།། བྱང་ཆུབ་སེམས་ཀྱི་ཕྲིན་ལས་ལ།། རྟོག་དང་མེ་རྟོག་ལས་འདས་པ།། སངས་རྒྱས་མཛད་པ་ཁྱད་པར་ཆེ།། ཅིར་ཡང་མེད་པས་ཅིད་སྤྱོད་པ།། བདེ་བ་ཆེན་པོའི་མཛད
79b6 སྤྱོད་ཡིན།། ཀུན་གཞི་མ་བྱུང་མ་སྐྱེས་པ།། སྒོལ་སྦྱོར་ལ་སོགས་ཅི་སྤྱོད་པ།། གང་ལ་ཡོད་མིན་མེད་པ་ནི།། བླང་དོར་མེད་པས་ཕྲིན་ལས་བཟང་།། དེ་ནས་དམ་ཚིག་ཀུན་ཏུ་བཟང་པོ་བཀའ་སྩལ་ཏོ།། ང་དང་བདག་ཏུ་ཕྱོགས་དང་རིས།། །
79b7 མི་མཐུན་སྤྱོད་ཀྱི་བྱེ་བྲག་ཀྱང་།། ཀུན་ཏུ་བཟང་པོ་དབྱེར་མེད་པས།། ཉེས་ལེགས་རྟོག་པ་བསྲུང་དུ་མེད།། མཐའ་དབུས་མེད་པའི་ཀློང་གད་ལ་བས།། ཆོས་ཉིད་ཀུན་ཏུ་བཟང་པོ་ལ།། མཉམ་པོའི་ཀློང་ལས་འགྱུར་བ་མེད།། འཐབ་རྗོད




iiif viewer powered by OpenSeadragon

79a - 80a

Texts on this page

Gdg008.3 - lta ba thams cad kyi rgyal po / kun tu bzang po che ba rang la gnas pa'i rgyud