| | e-texts navigator
|
78b1 ཞིང་རྟོགས་ནས་ཤེས་པའི་དུས་གཅིག་ན། སངས་རྒྱས་དང་སེམས་ཅན་ཅི་ལྟར་སྣང་བའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ཆེ་བའི་འཁོར་དུ་སངས་མ་རྒྱས་པ་མེད་པ་ལ། དེ་ནས་ཐམས་ཅད་མི་གཞན་པའི་ཀུན་ཏུ་བཟང་པོའི་འཁོར་དུ་གྱུར་པ་ལ།
78b2 འདི་སྐད་དུ་ཉིད་ལ་ཉིད་གླེངས་སོ།། ཆོས་རྣམས་སེམས་ཀྱི་སྤྱོད་ཡུལྔ་ལས།། ཐམས་ཅད་སངས་རྒྱས་ཉིད་དུ་བསྟན།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། མན་དགེ་ངེས་པར་བསྟན་དུགས་པ།། རྣལ་འབྱོར་ཀུན་གྱི་དབང་ཕྱུག་ཆ།
78b3 གསང་བའི་གསྡང་ཆེན་ངེས་པའི་དོན།། ཉིད་ཀྱི་ཐུགས་ལས་བྱུང་བ་ཡི།། སྣོད་ལྡན་རྣམས་ལ་བསྟན་པར་བྱོས།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། འཇིགས་ལ་ཡང་བ་འཁོར་པོའི་ཆོས། སྡུག་བསྔལ་སྣ་ཚོགས་ཀྱི་ཁ་བརྒྱད་ནས།
78b4 ཉམ་ཞག་པ་འདི་ཉིད་དགའ་སྐྱིད་ཆེན་པོ་མྱ་ངན་ལས་འདས་པའི་ཆོས་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པ་སྟེ་འགྱུར་བ་མེད་པ་ཡིན་པའི་ཕྱིར་རོ།། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་གཅིག་ཏུ
78b5 དྲིལ་བའི་དོན་ཀུན་ཏུ་བཟང་པོ་ལྔ་དང་ཆེ་བ་བཅུ་དྲུག་དང་རང་ལ་གནས་པ་དགུ་བཀའ་སྩལ་ཏོ།། དེ་ལ་ཀུན་ཏུ་བཟང་པོ་མན་དག་གི་རྒྱུ་མྦྷ་འདི་རྟོགས་པར་འདོད་པ་རྣམས་ཀྱིས། ངེས་པ་ཀུན་ཏུ་བཟང་པོ་རྣམ་པ་ལྔ་ཡིད་ལ་ཟུང་ཞིག། དེ་ལ་ཀུན་ཏུ་བཟང་བ
78b6 ལྡེ་གང་ཞེ་ན།། ལྟ་བ་ཀུན་ཏུ་བཟང་པོ་དང་།། སྤྱོད་པ་ཀུན་ཏུ་བཟང་པོ་དང་།། ཕྲིན་ལས་ཀུན་ཏུ་བཟང་པོ་དང་།། དམ་ཚིག་ཀུན་ཏུ་བཟང་པོ་དང་།། རང་བཞིན་ཀུན་ཏུ་བཟང་པོའོ།། དེ་ལ་ལྟེ་བ་ཀུན་ཏུ་བཟང་པོ་འདི་སྐད་ཅེས་བཀའ
78b7 སྩལ་ཏོ།། ཐམས་ཅད་ཀུན་ཏུ་བཟང་པོ་ལ།། འཁོར་བའི་ཆོས་དང་མྱ་ངན་འདས།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་པས།། པོག་རྟོག་ཞེ་སྡང་ག་ལ་ཡོད།། ཕྱོགས་རས་མེད་པ་ཆོས་ཉིད་ཀློང་།། ཕྱི་ནང་མེད་པ་ཡེ་ཤེས་དང་།། བཟང
iiif viewer powered by OpenSeadragon
78a - 79a