e-texts navigator
Collection
Volume
Page
Wylie

77b1 བྱེད་པའི་བཀའ།། ཐམས་ཅད་མཉམ་པར་བྱེད་པ་ཞི་བའི་དང་།། ཡཱ་ནས་མཉམ་ཉིད་རང་བཞིན་མི་འགྱུར་ལ།། དོན་དུམ་རྟོག་སྔགས་པ་བ་སྒོམ་བྱུང་བྱེད་པ་རྒྱུད་བྱམ་ཐག། དྲ་མད་ཆོས་སུ་རྣམ་དག་ཞི་བའི་བཀང།། གཞིང་རྟོགས
77b2 དཀའ་ཟབ་པའི་གསུང་།། གཞན་དང་ཐུན་མོང་མ་ཡིན་གསང་སྔགས་ཚིག། དམ་ཚིག་བསྲུང་དང་བསྒྲུབ་པ་དང་།། ཇི་ལྟར་འཚམས་པ་རྣམས་ཀྱི་གསུང་།། གསུང་རབ་རྒྱ་མཚོ་རྣ་མཐུར་སྒྲ།། འཁོར་བའི་གཡུལ་རྒྱལ་དཔའ་ཇོ་ག།
77b3 མི་ནུབ་རྒྱལ་མཚན་རྒྱ་མཚོའི་གཏེར།། གཞན་དང་ཐུན་མོང་མ་ཡི་ནུ་བཀའ།། བཀའ་གསང་རྨད་འབྱུང་མདོ་ཡི་དོན།། འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ།། གཏི་མུག་མུན་པ་སེལ་བའི་སྒྲོན།། མདོ་སྡེ་འདུལ་བ་ཆོས་མངོན་དང་།། བཀའ
77b4 གསང་རྨད་བྱུང་ཀུན་ལས་འཕགས།། དོནད་མ་དམིགས་མེད་རྒྱ་མཚོའི་ཀློང་།། བསྟན་པ་གཞན་ལས་འཕགས་པའི་སེང་གེའི་སྒྲ།། དོན་དམི་གསང་བའི་བཀའ་ལ་ཕྱག་འཚལ་བསྟོད།། ཨེ་མཧོ་བས་མ་གཏེན་དག་གིས་རྣམ་སྒྲོལ་ཚངས་པ་བཞིན།།
77b5 གཟུག་ཀྱི་འོད་གས་ལ་བརྒྱ་བྱིན་འདྲ་བ་སྟེ།། རྒྱལ་པོ་བཞིན་དུ་ནོར་འབྲུ་རབ་གཏོང་ཞིང་།། རིན་ཆེན་མཆོག་མངའ་ཐུབཔ་ཚོང་དཔོན་བཞིན།། གཟུགས་ཀྱི་འོད་གས་ལ་བཅུ་བྱིན་འདྲབ་སྟེ།། ཞི་བ་སྒྲོགས་མཛད་དེ་ལ་སེང་གེ་བཞིན།། མི་འགྲུལ་བརྟན་པ་ལྷུན་པོ་འདྲ་བ་སྟེ།། རྒྱ་མཚོ་བཞིན་དུ་འཁྲུགཔ
77b6 མི་མངའ་ཞིང་།། ཡོན་ཏན་སྦྱིན་གྱི་རང་བཞིན་མཚུངས་པར་སྤྱོད།། དྲི་མ་དེ་དག་སྐྱེད་པ་ཆེ་བཞིན་ཏེ།། དྲུབ་པ་མི་ལྟར་ཉོན་མོངས་ནགས་ཚུལ་བསྡིག། རླུང་ལྟར་གང་ལའང་ཆགས་པ་མི་མངའ་ཞིར་།། ཐུབ་པ་ལྷ་ལྟར་ཡང་དག་ཉིད་ཀྱ
77b7 སྟོན།། ཀླུ་ལྟར་ཐུབ་པས་ཆོས་ཀྱི་ཆར་འབེབས་ཤིང་།། ཚོར་བ་བཞིན་དུ་འགྲོ་བ་ངོམས་པར་མཛད།། ཕ་རོལ་མུ་སྟེགས་འཇོམས་པས་སེང་གེའི་སྒྲ།། མེ་ཏོག་བཞིན་དུ་ཡོན་ཏན་དྲི་ཡང་ལྡང་།། ཚངས་པ་བཞིན་དུ་སྦྱིན་པའི་ཆོག་གསུང




iiif viewer powered by OpenSeadragon

77a - 78a

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo