| | e-texts navigator
|
76b1 འི་དགྱེས་ཚེ་སྐྲ་མཚམས་འཁྲུག། སྣ་བཟུང་མདོག་གསལ་པདྨའི་རིགས།། ནུ་མའི་དཀྱིལ་མཐོ་འཁྲིལ་བག་ཆགས། ཁོང་ངལ་འགྲོན་གོམ་པ་འཇོལ།། སྐད་ནི་དང་པ་གཞོན་ནུ་སྒྲོགས།། ཅིར་ཡང་མཛེས་པའི་སྟབས་ཚུལ་ལྡན
76b2 བུ་མོ་མིག་རིངས་ཉིད་པ་ནི།། ཨུཏྤལ་སྔོན་པོའི་ལོམ་འདྲ།། གཟུགས་བྱད་དང་ལ་བབ་པས་བརྒྱན།། ཐམས་ཅད་རྒྱ་ནི་ཡོངས་རྫོགས་པ།། བཞིན་མཛེས་ཡིད་དུ་འོང་བ་སྟེ།། བོང་འཚམས་ལོ་ནི་བཅུ་གཉིས་པ།། བཟུང་ནུས
76b3 བསྒྲུབ་པ་བརྩམ་པར་བྱ།། ཕྱེ་ས་གཅིན་སོགས་དམ་ཚིག་ལས།། ཆོ་ག་བཞིན་དུ་གྲུ་བཞི་པ།། དཀྱིལ་འཁོར་བྱས་ནས་དེ་དབུས་སུ།། སྔར་གསུངས་པ་ཡི་གནས་དེར་བཞག། ཕྱག་རྒྱ་བཞི་དང་བདག་སྦྱོར་བ།། བདག་ཉིད་མོས་པའི
76b4 ལྷར་ཡང་བསྒོམ།། རང་གི་ལུས་ལ་བྱུགས་པ་རྣམས།། བྱིན་གྱིས་བརླབས་པའི་གནས་སུ་དམིགས།། ནུ་མ་སྤྱི་གཙུག་པར་དག་དང་།། ལྟེ་བ་རྐེད་པ་རྐང་རྣམས་སུ།། རྒྱལ་བ་བདག་ཉིད་གསདཱ་ལས་བསྐྱེད།། རིགས་ལྔ་རྣམས་ནི་རབ
76b5 ཧཱུཾ་དམིགས།། དེ་ཡི་སྙིང་གི་དབུས་སུ་ནི།། ཉི་མའི་དཀྱིལ་འཁོར་བསམ་པར་བྱ།། དེ་དབུས་མི་ལ་བླུགས་གཉིས་སུ་མེད།། ཕྱག་རྒྱ་བཞི་དང་ལྡན་པར་བྷ།། སྤྱི་གཙུག་དབུས་སུ་གྲུབ་སྟེ།། དེར་ནི་རྣམ་པར་སྣང་མཛད་གཙོ།། དེ་བཞིན
76b6 གཉིས་མེད་ཀུན་སྦྱོར་བས།། ཕྱག་རྒྱ་བཞི་དང་ལྡན་པར་བྱ།། སྐྱེད་པའི་དབུས་སུ་ཟུར་བརྒྱད་པའོ།། ནོར་བུ་རིནི་ཆེན་གཙོ་གནས་པ།། དཀོན་མཆོག་དཔལ་རྣམས་བསམ་བྱས་ཏེ།། ཕྱག་རྒྱ་བཞི་དང་ལྡན་པར་གནས།། ལྟེ་བའི
76b7 ངག་གི་ཕྱོགས་དག་ཏུ།། དཀར་དོང་དམར་པའི་འདེབ་མ་བརྒྱད།། པདྨའི་གདན་ལ་ཆོས་བཞུགས་པ།། ཕྱག་རྒྱ་བཞི་དང་ལྡན་པར་གནས།། རྐང་པ་དག་གི་དབུས་ངག་ཏུ།། གླུ་གསུམ་མ་འདྲའི་དཀྱིལ་འཁོར་ཏེ།། ལ
iiif viewer powered by OpenSeadragon
76a - 77a