e-texts navigator
Collection
Volume
Page
Wylie

76a1 སེམས་དཔའ་དམཔ་ལ་འདི་སྐད་ཅེས་གསལ་ཏོ།། སེམས་དཔའ་ཆེན་པ་བསྙེན་བསྒྲུབ་ཀྱི་དབང་གི་རིམ་པ་ཐོབ་པར་བགྱི་བ་དང་། ཡོན་དབུལ་བ་དང་དབང་རྣམས་བསྐུར་བཅི་ལགས། སེམས་དཔའ་དམ་པས་@།
76a2 སྤྲུལ་པ།། དབང་མཆོག་བསྐུར་བར་བྱ་བ་ནི།། ཉན་དང་བསྒོམ་དང་འཆད་པ་དང་།། བསྲུབ་དང་ཕྲིན་ལས་ཀྱང་པ་དང་།། རྡོ་རྗེ་རྒྱལ་མ་ཐོབ་འདོད་དང་།། ས་རྣམས་རིམ་པ་བགྲོད་པ་དང་།། སྡུག་བསྔལ་རྣམས་ལས་ཐང་འདོད་པས།
76a3 དབང་རྣམས་ཐོབ་པར་འདོད་པ་ཡིས།། དད་ལྡན་སྲིའུ་ཆེ་བ་དང་།། བླ་མ་སློབ་དཔོན་མཉེས་བྱ་དང་།། དམ་ཚིག་བསྲུང་དང་བསྒྲུབ་བརྩོན་བྱ།། བརྗོད་པ་བཀུར་དང་བདེར་གཤེགས་པསྔགས་པ་བརྗོད།། སློབ་དཔོན་གྱི་ནི་ཡོན་ཏན
76a4 བརྗོད།། སྨོན་རྣམས་བརྗོད་པར་མི་བྱ་སྟེ།། གསར་དང་དངུལ་དང་བེ་ནནྡ།། དུང་དང་མན་ཤེལ་བྱེ་རུ་དང་། ཕྱོགས་དང་ནང་འགྲོས་གླང་ཆེན་རྟ།། དགོས་པ་གང་དང་གང་ཡང་རུང་།། ལུས་གྲོག་དག་ཀྱང་ཕྱོགས་ལ་དབུལ།། དབ
76a5 རྣམས་ཇི་ལྟར་ལྡན་པ་ཡིས།། འདི་དག་མ་ལུས་བསྐྱེད་པར་བྱ།། གསང་བའི་དབང་ཆེན་དམ་པ་ནི།། ཡུམ་ཡང་མཚན་ཉིད་ལྡན་པ་ལ།། རིགས་རྣམས་གནས་ནི་དག་ཏུ་དགོད།། དེ་ཡང་ཡུམ་གྱི་མཚན་བརྟགས་པ། ཁྲུས་མཁན
76a6 གྱི་ནི་བདག་ཉིད་ཆེ།། དུང་དང་ཟླ་འདྲ་བདྨའི་མདོག། ལུས་ལེགས་སྦེད་ཕྲ་སེམས་མའི་ཚུལ།། སྨིན་དཀྱུས་རིང་ལ་ལག་སོར་ཕྲ།། ཚིགས་མིག་ཟླུམ་ལ་ཕྲ་བར་བཤ། ཁ་ནས་དྲི་ཞིམ་དང་ལྡན་ཞིང་།། ལུས་ལ་ག་པུར་ཙན་ན
76a7 དྲི། རྔ་ཡིད་འོང་མཚན་ལྡན་སྐེད་སྐབས་ཕྱེད།། སྒྲ་འཇམ་མཐོན་མཐིང་གཡས་སུ་འཁྱིལ།། སཽ་དཀར་ཚིགས་དམ་དཀར་དམར་ཕྱེད།། མིག་གི་དཀྱུས་རིང་སྦྱིན་དཀྱུས་ལེགས།། ཟར་མའི་མེ་ཏོག་རྒྱས་འདྲའི་མདོག། ད




iiif viewer powered by OpenSeadragon

75b - 76b

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo