| | e-texts navigator
|
75b1 རྣམ་གསུམ་འཐོབ་པ་དང་།། བགོགས་དང་དུག་དང་ལོག་འདྲེན་དང་།། བདུད་རྣམས་འཇོམས་ཤིང་ལོག་འདྲེན་ཀུན་ལས་ཐར།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་པ་དང་།། ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ཉེ་བ་དང་།། མཚན།
75b2 དང་དཔེ་བྱད་རྣམས་ཀྱིས་བརྒྱན།། འགྲོ་བའི་དོན་དུ་འགྱུར་བ་དང་།། ཐམས་ཅད་ཀུན་གྱིས་མཆོད་པ་དང་།། བདེ་བའི་ཞིང་དུ་གནས་པ་དང་།། ཡང་དག་དོན་རྟོགས་ལྷུན་རྫོགས་ནས།། ཐམས་ཅད་བདེ་བའི་ངང་དུ་འགྱུར།། ཆོས་ཉིད་རང་བཞིན
75b3 སྟོང་པ་ལ།། ཕྱག་རྒྱ་བསྒྱུར་དང་ལྷ་བསྐྱེད་དང་།། བཻསྐྱེན་དང་བསླབ་དྲང་ཆོ་ག་རྣམས།། ཇི་ལྟར་སྤྱོད་པ་དེ་དག་ཀུན།། ལྟད་མན་དག་ལ་བསྟན་པར་ཟད།། བདེར་གཤེགས་རིགས་ལྔ་འཁོར་བཅས་ཀུན།། པི་སྐྱེད་ལྟར་དངོས་པོ་ཡོད་འགྱུར
75b4 ན།། དཔེར་ན་ནམ་མཁའི་དངོས་མེད་ལ།། ཕ་གུ་ལ་སོགས་རིན་ཆེན་གྱིས།། འདུག་པའི་གནས་རྟེན་བྱས་གྱུར་ཀྱང་།། ནམ་མཁའ་དངོས་པོ་མེད་གྱུར་པས།། གནས་རྟེན་ཁང་བུ་ཆགས་པ་མེད།། དེ་བཞིན་ཆོས་ཉིད་སྟོང་པ་ལ།
75b5 ཕྱག་རྒྱ་བསྟེར་དང་སྐྱེ་བསྐྱེད་དང་།། བསྒྲུབ་དང་དངོས་གྲུབ་ཐོབ་འདོད་དང་།། མཚན་དང་དཔེ་བྱད་བལྟ་འདོད་ཀུན།། དཔེར་ན་བྱིས་པ་མི་ཤེས་པས།། ནམ་མཁའི་ཁང་བུ་ཐོབ་འདོད་འདྲ།། དེ་བཞིན་ཆོས་ཉིད་དངོས་མེད་ལ།། བསྐྱེང
75b6 ཐོབ་འདོད་གྱིས་པའི་ཚུལ།། དཔེར་ན་ན་མ་མཁའ་གཞི་མེད་ལ།། ཆགས་པའི་གཞལ་མེད་ཁང་རྣམས་དང་།། ལྷ་མར་སྐྱེད་མོས་ཚལ་བསམ་པས།། དེ་དག་འབྱུང་བ་དག་ལ་འགྱུར།། དེ་བཞིན་ཆོས་ཉིད་སྟོང་པ་ལ།། རྒྱལ་བའི་སྐུབསྐྱེད
75b7 ག་ལ་འགྱུར།། ཞེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལུང་ཆེན་པོའི་མདོ་ལས། ལྷ་བསྐྱེད་པ་དང་དབང་བསྒྱུར་བ་ཕྱག་རྒྱའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། ། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས
iiif viewer powered by OpenSeadragon
75a - 76a