e-texts navigator
Collection
Volume
Page
Wylie

75a1 པདྨ་འཛིན།། དྲིལ་བུ་དཀུར་བརྟན་པར་ཕྱིན་ཏེ།། གཡས་པས་པདྨ་བསྤྱོད་མཛད་ཅིང་།། ཐུགས་ཀར་པདྨ་ཁ་ཡང་ཕྱེ།། གཡས་གཉིས་དང་འཁོར་ལོ་དང་།། གཡོན་གཉིས་རིན་ཆེན་རལ་ཐིབསྣམ
75a2 སྙིང་ག་ནས་ནི་བྱུང་གྱུར་ནས།། ཐམས་ཅད་ཕྱོགས་སུ་རྣམ་པར་གཟིགས།། སེམས་ཅན་འདོད་ཆགས་ལྷ་སྦྱངས་ཏེ།། འདམ་ཆེན་ཆུ་ཡི་པདྨ་བཞིན།། སླར་གཤེགས་པདྨའི་དབུས་སུ་ནི།། རྒྱབ་ཀྱི་ཕྱོགས་སུ་རྣམ་པར་བཞུགས།།
75a3 དྷྲྀཀྲཊ། ས་བོན་ལས་ནི་གྲུབ་པ་ཡི།། རྡོ་རྗེ་གདོན་མི་ཟ་བ་རབསྐྱེད།། ལྗང་གུ་བཻ་ཌཱུཆུ་འདྲ་བ།། ར་ལཱ་པའི་ཅོད་པན་རྡོ་རྗེ་གནས།། ཐམས་ཅད་རྒྱན་གྱིས་ཡན་ལག་བརྒྱན།། ལྡེང་གུ་ན་ག་དང་དཀོར་བའོ་ཝཱ་ལ།། འོད་ཟེར་སྣ་ལྔས་འཁྲིགས
75a4 པར་འབར།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། རལ་གྲི་རྡོ་རྗེ་རྒྱོ་གྲམ་དང་།། འཁོར་ལོ་གཡས་པའི་ཕྱག་ཏུ་བསམ།། དྲིལ་བུ་པདྨ་སྡོང་བཅས་དང་།། ནོར་བུ་གཡོན་པའི་ཕྱག་ཏུ་བསམ།། དེ་བཞིན་སྐྱིང་ག་ནས་བྱུ་ནི་ས།། ཕྱོག
75a5 བཅུ་ཀུན་ཏུ་གཟིགས་མཛོད་དེ།། རྫུན་ཚིག་སྨྲ་བའི་ལམ་གནས་པའི།། སེམས་ཅན་ཐམས་ཅད་ཀུན་ཏུ་སྦྱོར།། སྣ་ཚོགས་ཆེན་པོ་སླར་གཤེགས་ནས།། གྲུ་གསུམ་དཀྱིལ་འཁོར་དབུས་སུ་ནི།། རྡོ་རྗེ་སེམས་དཔེའི་གཡོན་ཕྱོགས
75a6 སུ། \ུ0f7f། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས།། རྡོ་རྗེ་ཞེ་སྡང་གཏི་མུག་འདོད་ཆགས་དང་།། ཡིད་བཞིན་ནོར་བུ་དམ་ཚིག་སྟེ།། རིགས་ལྔར་གཏོགས་པ་འདི་དག་གིས།། འདོད་དང་གྲོལ་བར་རབ་བསྒྲུབ་པའོ།། གཙོ་བོ་ལྔ་རྣམས་ཇི
75a7 ལྷར་བསྐྱེད་པ་བཞིན།། ཡུམ་རྣམས་ཀྱང་ནི་རིམ་བཞིན་ནོ།། སེམས་དཔའ་སེམས་མ་སྒོ་བ་རྣམས།། རིམ་པ་བཞིན་དུ་བསྐྱེད་པར་བྱ།། ཏིང་འཛིན་སྔགས་དང་བརྗོད་པས་བསྐུལ།། དེ་ལྟར་བརྗོད་ཅིང་བསྐུལ་བསྒྲུབ་ན།། དངོས་གྲུབ




iiif viewer powered by OpenSeadragon

74b - 75b

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo