| | e-texts navigator
|
74b1 ཞལ་གསུམ་པ།། འོད་ཟེང་ལྔ་ཚོགས་ཆེན་པོས་བརྒྱན།། ཕྲུག་དྲུག་རྣམ་པར་བསྒོམ་པར་བྱ།། འཁོང་པོ་རྡོ་རྗེ་པདྨ་དཀར།། གཡས་པའི་ཕྱག་ཏུ་རྣམ་པར་བྱས་མ།། དྲིལ་བུ་ནོར་ཐང་ལ་གྲི་རྣམས།། གཡོན་གྱི་ཕྱག་ཏནམ་པར་བསམ།
74b2 སྙིང་ལས་དེ་བཞིན་ཕྱུང་ནས་ནི།། ཕྱོགས་བཅུ་དགུ་རུ་རྣམ་པར་གཟིགས།། སངས་རྒྱས་སྒྱུ་འཕྲུལ་མཛད་ལ་སྔོགས།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། གཏི་མུག་ལ་མ་ལ་རབ་གནས་པའི།། སེམས་ཅན་མ་ལུས་སྦྱངས་ནས་ནི།།
74b3 ཡང་མདུན་གྱི་ཕྱོགས་རྣམས་ན།། ཟླ་བའི་དབུས་སུ་རྣམ་པར་བསམ།། རཏྣ་དྷྲྀ་ཀྲ། ས་བོནི་ལས་ནི་བསྐྱེད་ནས་ནི།། དཀོན་མཆོག་དཔལ་ནི་མཁས་པས་བསྐྱེད།། རལ་པའི་ཅོད་པན་དཀར་ལ་ཞི།། མི་འཁྲུགས་དབང་བསྐུར་བས་ནི་བ#
74b4 ཞལ་གསུམ་ཁ་དོག་གསུམ་པ་སྟེ།། སེར་དང་དམར་དེང་དཀར་བའི་ཞལ།། ཐམས་ཅད་རྒྱན་དང་རབ་ལྡན་པའི།། ཕྱག་དྲུག་པར་ནི་རྣམ་པར་བསྒོམ།། ནོར་བུ་དོ་རྗེ་འཁོར་ལོ་ནི།། གཡས་ཀྱི་ཕྱག་ཏུ་བསྒོམ་པར་བྱ།། ཧྲི་ལ་བུ་རོལ་གྲི་པད
74b5 གཡོན་པའི་ཕྱག་ཏུ་རྣམ་པར་བསམ།། དེ་བཞིན་སྙིང་ག་ནས་ཕྱུང་སྟེ།། འཇིག་རྟེན་ཁམས་ནི་རྣམ་པར་གཟིགས།། ཇི་རྒྱལ་ལ་མ་ལ་གནས་པོ་ཡི།། སེམས་ཅན་ཐམས་ཅད་སྐྱོང་བར་མཛད།། རིན་ཆེན་ཆེན་པོ་གཤེགས་ནས་ཀྱང་།
74b6 ཐམས་ཅད་དབང་བསྐུར་ཕུན་སྔམ་ཚོགས།། རྡོ་རྗེ་སེམས་དཔའི་གཡས་ཕྱོགས་སུ།། རིན་ཆེན་དབུས་སུ་རྣམ་པར་བཞུགས།། ཨཱ་རོ་ལི་ཀྲ། ས་བོན་ལྔས་ནི་གྲུབ་པ་ཡི།། རྡོ་རྗེ་སྡང་བ་མཐའ་ཡས་བསྐྱེད།། པདྨ་རཱ་གའི་མདོ
74b7 འདྲ་བ།། མི་འཁྲུགས་པས་ནི་ཅོད་པན་བརྒྱན།། ཞིབ་རལ་པའི་ཅོད་པན་འཆང་།། དམར་དང་ནག་དང་དཀ་པའི་ཞལ།། ཐམས་ཅད་རྒྱན་གྱིས་བརྒྱན་པ་ཡི།། ཕྱག་དྲུག་པར་ནི་བསྒོམ་པར་བྱ།། གཡོན་པ་འཆིང་ཐིབས
iiif viewer powered by OpenSeadragon
74a - 75a