e-texts navigator
Collection
Volume
Page
Wylie

74a1 རྣམ་པར་བསམ།། སྙིང་གནས་ནི་ངས་སྨོས་ཏེ།། ཕྱོགས་བཅུ་དག་ཏུ་རྣམ་པར་གཟིགས།། སངས་རྒྱས་རྫུ་འཕྲུལ་མ་ད་སོགས་དང་།། ཆོས་རྗེ་འཁོར་ལོ་རབ་ཏུ་བསྐོར།། ཞེ་སྡང་སྐྱོད་པའི་ཕམ་གནས
74a2 པའི།། སེམས་ཅན་མ་ལུས་རྣམ་སྦྱངས་ནས།། བྱང་ཆུབ་སེམས་ཀྱི་མདུན་ན་ནི།། རྡོ་རྗེའི་སེམས་ལ་རྣམ་པར་བཞུགས།། དེ་ལ་ཞུགས་པར་དེད་བྱས་ནས།། རྡོ་རྗེའི་སེམས་ནི་རྣམ་པར་བསམ།། སྔ་མའི་གཟུགས་ནི་གནས་འགྱུར་ནས།
74a3 ཞེ་སྡང་གཟུགས་སུ་རྣམ་པར་གནས།། ཨིནྡ་ནཱི་ལའི་འོད་ལྟ་བུ།། ཞལ་གདེངས་མཆེ་བ་གཙིགས་པས་འཇིགས།། མི་འཁྲུགས་འབར་བ་སྤྱི་བོར་འཆང་།། འཇིག་རྟེན་ཁམས་ཀུན་འཁྲུགས་པར་མཛད།། ཉི་མའི་དཀྱིལ་འཁོར་དེ་ལུས
74a4 གནས་པར།། ཉི་མ་བྱེ་བ་ཕྲག་བརྒྱའི་འོད།། དམར་པོའི་སྤྱན་ནི་འཇིགས་པ་ཆེ།། རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན། ཁྲོ་གཉེར་ཞི་བ་འདོད་ཆགས་ཆེ།། ཞལ་གསུམ་དག་ནི་རྣམ་པར་འཆང་།། རང་གི་དམ་མིག་མཉམ་པར་ལྡན།།
74a5 ཕྱག་དྲུག་གིས་ནི་མངོན་པར་སྤྲུལ།། འཛམ་བུ་ནཱ་དའི་འོད་འདྲ་བའི།། སངས་རྒྱས་སྤྲིན་གྱིས་རྣམ་འཁྲེགས་པའི།། རྡོ་རྗེ་ཆེན་པོ་རྩེ་དགུ་པ།། དེ་ཡི་ཕྱག་ཏུ་བསྣམས་པར་བསྒོམ།། སྔགས་གསུམ་པ་ཡིས་རིམ་བཞིན་དུ།། ཕྱག་རྒྱ་གྱི་མ་རྣམ
74a6 པར་བསྒོམ།། ཞེ་སྡང་རྡོ་རྗེ་བྱིན་བརླབས་པས།། དཀྱིལ་འཁོར་ཐམས་ཅད་རབ་ཏུ་སྤོང་།། ཛཱི་ན་ཛི་ཀ། ས་བོན་ལས་ན་བསྐྱེད་བྱས་པ།། རྣམ་པར་སྡང་མཛད་གཙོ་བོ་སྟེ།། ཞི་བའི་ཆ་ལུགས་དགའ་དང་ལྡན།། ཕྱོགས་ནི་ཐམས་ཅད་སྔ
74a7 བར་མཛད།། སྟོན་ཀའི་འདམ་བུའི་འོད་འདྲ་བ།། རལ་པའི་ཅོད་པན་དག་གིས་བརྒྱན།། མི་འཁྲུགས་པ་ཡི་དབང་བསྐུར་ཞིང་།། སྣ་ཚོགས་ཅན་རྣམས་ཀུན་གྱིས་བརྒྱན།། དཀར་དང་གནག་དང་དམར་ཆེན་པོ། ཁ་དོག་གསུམ་པ




iiif viewer powered by OpenSeadragon

73b - 74b

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo