| | e-texts navigator
|
73a1 འཛིན་དང་།། བྱང་ཆུབ་མ་ནོར་ཏིང་འཛིན་དང་།། རྣམ་གྲངས་ཆོས་ཀུན་མདོར་བསྡུས་ཏིང་འཛིན་དང་།། ཡེ་ཤེས་དག་འསྒོ་མ་ཏིང་འཛིན་དང་།། སྟོང་དང་མཚན་མ་མི་དམིགས་ཏིང་འཛིན་དང་།། དམ་ཆག་རྣམ་དག
73a2 ཏིང་འཛིན་དང་།། དཀྱིལ་འཁོར་ལྷན་གྲུབ་ཏིང་འཛིན་དང་།། བསྒྲུབ་མཆོག་གསང་བའི་ཏིང་འཛིན་དང་།། གསང་སྔགས་བརྗོད་པའི་ཏིང་འཛིན་དང་།། ཕྱག་རྒྱ་ཆེན་པོའི་ཏིང་འཛིན་དང་།། དབང་རྣམས་སྐུར་པའི་ཏིང་འཛིན་དང་།། ཕྲིན་ལ
73a3 རྣམ་བཞིའི་ཏིང་འཛིན་དང་།། ཡོངས་སྒྲོ་རྫོགས་པའི་ཏིང་འཛིན་དང་།། སྟོང་པ་ཉིད་ཀྱི་ཏིང་འཛིན་དང་།། རྡོ་རྗེ་མྱི་ཕྱེད་ཏིང་འཛིན་དང་།། སྐྱེས་བུ་ཆེན་པོའི་ཏིང་འཛིན་དང་།། ང་གང་ལས་རྒྱལ་ཏིང་འཛིན་དང་།། རྟོགས་པ་ཆེན་པོའི་ཏིང་འཛིན་དུ
73a4 ར་ལངས་སྒྲུབ་པའི་ཏིང་འཛིན་དང་།། ཚེ་འཕྲུལ་སྲུབ་པའི་ཏིང་འཛིན་དང་།། རིགས་རྣམས་སྒྲུ་བ་པའི་ཏིང་ཛིན་དང་།། བློས་ཆེན་པོའི་ཏིང་འཛིན་དང་།། ས་རྣམས་ཅན་པའི་ཏིང་འཛིན་དང་།། ཕ་རོལ་ཟིལ་གནོན་ཏིང་འཛིན་དང་།། ཉོན
73a5 རྨོངས་སྲེག་པའི་ཏིང་འཛིན་དང་།། ཡེ་ཤེས་སྣང་བའི་ཏིང་འཛིན་དང་།། སྒྲོན་མ་སྣང་བའི་ཏིང་འཛིན་དང་།། རྡོ་རྗེ་འཛིན་པའི་ཏིཏ་འཛིན་དང་།། བདུད་རྣམས་གཅོད་པའི་ཏིང་འཛིན་དང་།། དུག་གསུམ་རྣམ་དག་ཏིང་འཛིན་དང་།། ལུས་དྲག
73a6 ཡིད་གསུམ་ཏིང་འཛིན་དང་།། བདེར་གཤེགས་རྒྱལ་བའི་ཏིང་འཛིན་དང་།། ཏིང་འཛིན་རྣམ་པ་མང་པོ་ཀུན།། སྐུ་དང་གསུང་དང་ཐུགས་ཀྱི་ཆུང་།། ཆོས་ཉིད་འདུས་པའི་རྒྱུད་རྟེན་ལས།། ཏིང་འཛིན་རྣམ་པ་མང་པོའི་འདོན།། ཆོས་ཉིད
73a7 ཏིང་འཛིན་ཡིན་པའི་ཕྱིར།། རྣམ་པ་ཀུན་ལདེ་དག་སྟེ།། ཏིང་འཛིན་བརྗོད་པ་མང་པོ་ཀུན།། རྣམ་རྟོག་གསལ་བ་བསྟོན་པ་ཡིན།། ཆོས་ཉིད་ལ་ནི་རྣམ་རྟོག་ཏིང་འཛིན་མོད།། དེཕྱིར་ཏིང་འཛིན་བསྔགས་པ་མེད།། ཅེས་གསུངས་སོ།།
iiif viewer powered by OpenSeadragon
72b - 73b