e-texts navigator
Collection
Volume
Page
Wylie

70b1 པོ་འདི་སྙས་ལ་གེ་ཝ།། འདོད་ཆགས་ན་སྡང་གཏི་མུག་སྨོས་མེད་པས།། ཆོས་རྣམས་ཐམས་ཅད་ཡི་གེ་ཨཱང་རིག། འཇིག་རྟེན་གསུམ་རྒྱལ་ཕྱག་ཅད་རྔ་ཅན།། འཇིག་རྟེན་དྲི་མེང་རྣམ་དག་རྗེས་ཀྱི་དབྱིངས།། ཉོན་མོངས་སྐྱོན་གྱི་མགོས
70b2 དོན་དམ་འདི་སྦས་ཧྲཱིཿ།། ཁམས་གསུམ་དབང་བསྒྱུར་སྙིང་པོའི་དོན།། ཉིད་ལ་རྡོ་རྗེ་རིན་ཆེན་དབང་བསྐུར་ཕྲེང་བ་བཅིངས་ཤིང་དམ་པ་འདི་སྦས་ཏྭ།། སྐུ་ཡི་ཕྱག་རྒྱས་དབང་བསྐུར་ཆོས་ཀྱི་སྐུ།། གསུང་གི་ཕྱག་རྒྱས་དབང་བསྲུང་ཆོས་ཀུན་ཐོབ་པ་དག
70b3 ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་ཏིང་འཛིན་དག་པ་ཐོབ།། རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཡོངས་འཛིན་པ།། ལུས་སེམས་དགྲ་ནི་རྡོ་རྗེའི་དངོས་གྲུབ་ཐོབ།། དེ་ཕྱིར་ཆོས་ཉིད་ཟབ་མོ་ཨ་རུ་འདུས།། ཐམས་ཅད་སྤྲོས་མེད་ཡི་གེ་ཨོཾ།། ངོ་བོའི་ཆོས་ཉིད་སྟོང
70b4 པའི་ཡི་གེ་ཨ།། མཚན་མོད་སྔོན་མེད་ཆོས་ཉིད་ཡི་གེ་ཨ།། རྡོ་རྗེ་མི་ཤིགས་དངོས་གྲུབ་ཡི་གེ་ཨ།། རྡོ་རྗེ་མཉམ་ཉིད་དཀྱིལ་འཁོར་ཡི་གེ་ཨ།། དོན་ཉིད་མཉམ་འདུག་ཆོས་ཉིད་ཡི་གེ་ཨ།། ཨ་ནི་མ་སྐྱེས་སྟོང་པ་སྟེ།། ཨ་ནི་ཆོས་སྐྱ་དག་འ
70b5 གཏེར།། ཨ་ནི་སྟོང་དང་མེ་སྟོང་གི།། དབུ་མ་དམིགས་སུ་ཡོད་མ་ཡིན།། ཧཱུཾ་གིས་མཆོད་པ་ཐམས་ཅད་ལོངས་སྤྱོད་རྫོགས།། ཨོཾ་ནི་ཡེ་ཤེས་ལྔ་ཡི་དངོས།། སྐུ་གསུང་ཡོན་ཏན་ཕྲིན་ལས་སོགས།། ཧཱུ~ཾ་ཧཱུཾ་ཧཱུཾ་སེམས་ཅན་རྡོ་རྗེ་ཉིད
70b6 པས་ཁྲོ་བོའི་ངང་།། ཡེ་ཤེས་ལྔ་ཡང་རྡོ་རྗེ་ཁྲོ་བོ་ཅན།། ཧཱུ~ཾ་གསུམ་རྣམ་དག་ཞི་བ་ལས།། དཀྱིལ་འཁོར་རྣམ་དགྲ་འབྱུང་བ་ཡི།། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། བར་ཁྱམས་བཞིས་མཛེས་སྒོ་ཁྱུད་ལྡན།། གྲུ་ཚད་བཞིས་ཀྱང་མཛེས་པར་བྱ།།
70b7 དབུས་ལ་བྷུདྡྷ་ཡབ་ཡུམ་སྟེ།། འབར་བའི་འཁོར་ལོ་རྒྱས་པར་དགོད།། དཀྱིལ་འཁོར་རྒྱན་རྣམས་རྒྱས་འགྱུར་ནས།། བསྒྲུབ་པ་དེ་བཞིན་བརྩམ་པར་བྱ།། བསྒྲུབ་པའི་རྫས་རྣམས་བསག། པ་ནི།། རྩབ་ལྔ་དང་ཡན་ལག་བརྒྱད།། ཨ་ག་རུ་དང་དུ་རུ་ཀ། ག་པུ་དགུར་ཞུམ་ལ་སོགས




iiif viewer powered by OpenSeadragon

70a - 71a

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo