| | e-texts navigator
|
6b1 ཐམས་ཅད་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ནམ་མཁའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། མྲྀདྷཱ་དྷི་ཤྭ་ནྟེ། འདི་ཕྱུང་མ་ཐག་ཏུ་ཡུམ་དབྱིངས་ཕྱུག་མའི་སྒྲ་དང་གསུང་དང་ཐུབ
6b2 སུ་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ་འདི་སྐད་ཅེས་གླེང་ངོ་།། ཨེ་མོའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་དག་པ་བདག་མེད་པ།། ནམ་མཁའི་ངང་དུ་རབ་སྦྱོར་བས།། ནམ་མཁའི་ཚུལ་འདི་བརྟན་པའོ།།
6b3 ཞེས་གསུངས་ཏེ། ཡུམ་ཀུན་ཏུ་བཟང་མོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་ཐིམ་སྟེ། རྡོ་རྗེ་འཛིན་པའི་སྐུལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། དེ་ནས་བརྟན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས
6b4 སའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། ལཾ་དེ་ཥེ་ར་ཏི། འདི་ཕྱུང་མ་ཐག་ཏུ་རྡོ་རྗེ་དབྱིངས་ཕྱུག་མའི་སྐུ་དང་གསུང་དང་ཐུགས་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ། འདི་སྐད་ཅེས་གླེང་ངོ་།། ཨེ་མའོ་སངས་རྒྱས་ཐམས་ཅ
6b5 ཀྱི།། ཆོས་ཀུན་བརྟན་པའི་བདག་ཉིད་དེ།། སྲ་བརྟན་དང་དུ་རབ་སྦྱོར་བས།། སྲ་བརྟན་ཚུལ་དུ་བརྟན་པའོ།། ཞེས་གསུངས་ཏེ། སྣང་མཛད་སེམས་དཔའི་སྐུ་ལ་དགྱེས་པའི་ཚུལ་གྱིས་བཞུགས་སོ།། དེ་ནས་ཡང་སྡུད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས
6b6 པར་ཞུགས་ཏེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཆུའི་གསང་བའི་སྙིང་པོ་འདི་ཕྱུང་ངོ་།། མི་མོ་ཧ་ར་ཏི། འདི་ཕྱུང་མ་ཐག་ཏུ་རིན་ཆེན་དབྱིངས་ཕྱུག་མའི་སྐུ་གསུང་ཐུགས་སྦྱོར་བའི་ཐབས་སུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འཐོན་ཏེ། འདི་སྐད
6b7 ཅེས་གླེང་ངོ་།། ཨེ་མོའོ་སངས་རྒྱས་ཐམས་ཅད་ཀྱི།། ཆོས་ཀུན་སྡུད་པའི་བདག་ཉིད་དེ།། འཁྲིལ་བའི་ངང་དུ་ཀྲྀན་སྦྱོར་བས།། སྡུད་པའི་ཚུལ་འདི་བརྟན་པའོ།། ཞེས་གསུངས་ཏེ་རིན་ཆེན་སེམས་དཔའི་སྤྲུལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།
iiif viewer powered by OpenSeadragon
6a - 7a