e-texts navigator
Collection
Volume
Page
Wylie

68a1 མྱ་ངན་འདས་གྱུར་ལ།། ཡུམ་གྱུར་ཁྱོད་ཀྱི་དབང་མཛོད་ཅིག། ས་ཡི་སྐྱོན་རྣམས་བསྔལ་ནས་ཀྱང་།། རིན་ཆེན་སྣ་ལྔས་གཏར་དུ་བྱ།། མཎྜལ་ཀུན་ཏུ་གྲུ་བཞི་ལ།། བདུད་རྩི་རྣམ་ལྔས་སྦྱང་རྒྱལ་བྱ།། དེ་ནས།
68a2 སྲད་བུའི་སྦྱོར་བ་སྟེ།། གཟུངས་མ་མཚན་དང་ལྡན་པ་ལ།། དཔའ་མོ་བྱིན་བརླབས་མཁལ་དུ་གཞུག། ཞིང་ཆེན་རིས་ཀྱི་ན་རྒྱས་ལ།། སུམ་སྒྲིལ་འདུར་མདུད་མེད་པ་ནི།། མཎྜལ་འཁོར་ཁྱད་ཚད་དུབྱ།། མཁས་པས་རྡོ་རྗེ་གསུམ་དུ་བྱིན་གྱིས
68a3 བརླབས།། དེ་ནས་སྲང་བུ་གདབ་པའི་མཚམས་བཅད་དེ།། སོ་སོ་རྣམས་སུ་གདབ་པར་བྱ།། དེ་ནས་དམ་རྫས་བདུད་རྩི་ཡིས།། ཞིང་ཆེན་རིས་ཀྱི་ཐིག་ལེར་བུ།། དབུས་ཀྱི་ཕོ་བྲང་དགུ་པ་ལ།། ཕྱོག་སོ་བཞི་དབུས་ལ་ཡབ་ཡུམ་བཅུ།། ཕྱོགས
68a4 མཚམས་བཞི་ལ་གསང་བའི་ཡུམ།། ཕྱི་རོལ་པདྨ་འདབ་བརྒྱད་ལ།། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད།། དེ་ལྟར་བཅུ་དྲུག་དགོད་པར་བྱ།། གྲུ་ཆད་ལ་ནི་ལྷ་མོ་བརྒྱད།། འཁོར་ས་ལ་ནི་སྒོ་གདོད་བྱ།། སྒོ་བཞི་ལ་ནི་ཕྱག་རྒྱ་བཞི།། དེ་ཡི་ཁྱམས་ནི་ཕྱི་མ
68a5 ལ།། སྦྲུལ་སྐུ་ཐུབ་དྲུག་དགོད་པར་བྱ།། དེ་ཡི་བར་ཁྱམས་ཕྱི་མ་ལ།། སྒོ་གདོང་ཕྲིན་ལས་རྣམ་བཞིའི་ཕྱག་རྒྱ་དགོད།། དེ་བཞིན་དཀྱིལ་འཁོར་རྒྱས་པ་ས།། འོད་ཟེར་སྣ་ལྔ་ཀུན་དུ་གཟིགས།། སངས་རྒྱས་རྡོ་རྗེ་ཅན་གྱི་གནས།། དེ་དབུས་བྷྲཱུཾ་ནི་གནས་པ་ལས།། གསེར་བྱ
68a6 པོ་འདྲ་བ་ཡི།། སངས་རྒྱས་ཀུན་གྱི་གཞལ་མེད་ཁང་།། འཁོར་ལོ་བསྒྱུར་བས་བསྒོམ་པར་བྱ།། ལས་ཀྱི་རྡོ་རྗེའི་སྟན་ཉིད་དུ།། ཤེས་རབ་ལྡན་པས་དེ་འོག་བསམ།། ཆོས་ཀྱི་དབྱིངས་ཀྱི་དབུས་གནས་པར།། བདེ་གཤེགས་ཀུན་གྱི་ཕོ་བྲང་ངོ་།། རིན་ཆེན་གཞི་དངོས་མཆོད་རྟེན་ནི།
68a7 འོད་བར་བ་བས་རྣམ་པར་བརྒྱན།། ཡེ་ཤེས་རྒྱ་མཚོ་དུས་གསལ་གྱི།། གནས་པ་དི་རྣམ་པརབས་མ།། གྲུ་བཞི་པ་ལ་དྲོ་བཞིཔ།། རྨི་རྐྱེན་བཞི་པཡང་དག་ཝན།། དྲིལ་བུ་དང་འཕྱང་འཕན་ལ་སོགས།། སྒོ་ཁྱུད་ཀྱིས་ནི་རྣམ་པ་རི་བ་རྒྱན།། གྲཝ་མཚན་དག་ནི་ཐམས་ན




iiif viewer powered by OpenSeadragon

67b - 68b

Texts on this page

Gdg008.2 - byang chub sems 'di gsan yig na sems lung chen po dpe ma rnyed gsungs pa de yin nam 'dra lung rnal 'byor chen po'i rgyud theg pa chen po'i mdo